རྒྱ་ནག་གི་བྱིའུ་ཚང་
ཟླ་འདིའི་ཚེས་ ༡༥ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ལོ་སྔོན་མར་རྒྱ་ནག་
ཏུ་རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་སྐབས་སུ་གསར་རྒྱག་བྱས་པའི་རྩེད་མོའི་ཁང་ཆེན་དེ་ལ། མ་རྩ་
འཇོག་མཁན་གྱི་བཟོ་གྲྭ་དང་ཚོང་པ་སོགས་ལ་ཁེ་བཟང་ལྟ་ཞོག་འབྱུང་འགྱུར་ལོ་གྲངས་ ༡༠ ནང་མ་
རྩ་ལོན་ཐུབ་ཀྱི་ཡོད་མེད་ལ་སེམས་འཚབ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།
དེ་ཡང་འཛམ་གླིང་ནང་སྐད་གྲགས་ཆེ་བའི་རྒྱ་ནག་གི་བྱིའུ་ཚང་གཟུགས་ཅན་གྱི་རྩེད་མོའི་ཁང་ཆེན་དེ།
དེང་སྐབས་སྟོང་པ་ཡིན་རུང་ནང་དུ་འཛུལ་ཞུགས་བྱེད་པར་ཨ་སྒོར་ ༡༢ ཀྱི་ལག་འཛིན་ཉོ་དགོས་ཀྱི་
ཡོད་པ་དང། ཉིན་ལྟར་ལྟད་མོ་བ་ ༢༠༠༠༠ རེ་ཆད་མེད་ཡོང་གི་ཡོད་འདུག། ལྟད་མོ་བའི་ལག་འཛིན་
གྱི་ཡོང་སྒོ་ནས་མ་རྩ་འཇོག་མཁན་ཚོས་དངུལ་གྱི་ཁ་གསབ་ཐབས་བྱེད་བཞིན་ཡོད་ནའང༌། གྲངས་ཚད་འདིས་མ་རྩ་འཇོག་མཁན་ཚོའི་དངུལ་གྱི་ཁ་གསབ་རྒྱུ་ནི་ཧ་ཅང་ཁག་པོ་ཡོད་པ་རེད།
རྩེད་ཁང་ལ་མ་རྩ་འཇོག་མཁན་ཞིག་གིས་བྷི་བྷི་སིའི་གསར་འགོད་པར། ངས་འཛམ་གླིང་གི་མི
་འབོར་གྱི་སུམ་ཆ་གཅིག་ཟིན་པའི་རྒྱ་ནག་མི་མང་ཡོངས་རྫོགས་རྩེད་མོའི་ཁང་ཆེན་འདིའི་ནང་ལྟད་
མོར་ཡོང་དགོས་ཞེས་བརྗོད་ཀྱི་མེད་རུང༌། ང་དང་ང་འདྲ་བ་མ་རྩ་འཇོག་མཁན་ཚོའི་མ་རྩ་ལོན་པར་
ཡོང་ཐེངས་གཅིག་ལ། ལྟད་མོ་བ་མི་གྲངས་ཐེར་འབུམ་གཅིག་ཡོང་ན་གཞི་ནས་ང་ཚོའི་མ་རྩ་ཁ་གསབ་
ཐུབ་པའི་རེ་བ་ཡོད་པ་ལས། ད་ལྟའི་ལྟད་མོ་བའི་གྲངས་ཚད་འདི་འདྲ་བས་ཧ་ལམ་འབྱུང་འགྱུར་ལོ་
གྲངས་ ༡༠ རིང་ལ་ང་ཚོའི་མ་རྩ་ལོན་རྒྱུ་ཁག་པོ་རེད་ཅེས་བརྗོད་ཡོད་པ་རེད།
རྒྱ་ནག་གི་བྱིའུ་ཚང་གཟུགས་ཅན་གྱི་རྩེད་ཁང་ཆེན་པོ་འདིའི་ནང་ཡོང་མཁན་མང་ཆེ་བ་རྒྱ་ནག་
རང་གི་མི་ཡིན་པ་ལས་ཕྱི་རྒྱལ་བ་ཧ་ཅང་ཉུང་ཉུང་ཡིན་པ་དང༌། ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་
ཞིག་གིས་རྩེད་ཁང་ཆེན་པོ་དེའི་ནང་རྐུབ་སྟེགས་དང་ཆུ་ལས་མཐོང་རྒྱུ་མི་འདུག འཛུལ་ཞུགས་ཁོ་ནའི་
ཆེད་དུ་དངུལ་དེ་འདྲ་གཏོང་དགོས་པ་དེ་དོན་མེད་རེད་འདུག་ཅེས་བརྗོད་ཡོད་པ་དང༌། དེང་སྐབས་རྩེད་ཁང་ལ་མ་རྩ་འཇོག་མཁན་ཚོས་ལོ་གྲངས་ ༡༠ ནང་ཚུད་དུ་དངུལ་གྱི་ཁ་གསབ་ཐབས་
སུ། མཛད་སྒོའི་རྟེན་འབྲེལ་གྱི་འཁྲབ་སྟོན་དང་ཆང་ས། གཞས་པ་གྲགས་ཅན་གྱི་མཚན་ཚོགས་ལས་
རིམ་སོགས་རྩེད་ཁང་ཆེན་པོའི་ནང་གྲ་སྒྲིག་བྱེད་འཆར་ཡོད་རུང༌། ཉེ་བའི་ཆར་དཀའ་ངལ་ཆེ་ཤོས་
གཅིག་ཡོད་པ་རྩེད་ཁང་ཆེན་པོ་ཧ་ཅང་རྫོབ་པོ་ཆགས་ཡོད་པ་དང༌། རྩེད་འགྲན་གྱི་དུས་སྐབས་དེ་ཁོ་
ན་ལ་རྒྱ་ནག་གི་ནུས་སྟོབས་ངོམ་ཆེད་དུ། བྱིའུ་ཚང་གཟུགས་ཅན་གྱི་རྩེད་ཁང་ཆེན་པོ་དེ་བེད་སྤྱོད་
ཡག་པོ་བཏང་ཡོད་པ་ལས། དེའི་རྗེས་ནས་གནས་སྐོར་བ་འགྲོ་སའི་ས་ཆ་ལྟ་བུའི་འདུ་ཤེས་བཞག་སྟེ། རྩེད་ཁང་ནང་ཡོད་པའི་ཅ་དངོས་ཡོད་པ་དེའང་མང་པོ་ཞིག་འཕྲོ་བརླགས་སོང་ཡོད་པས། མ་རྩ་འཇོག་
མཁན་ཚོས་འགྲོ་གྲོན་གཏང་ཟིན་པའི་དངུལ་གྱི་ཁ་གསབ་མ་ཐུབ་ནས་ཧ་ཅང་དཀའ་ངལ་འཕྲད་བཞིན་
ཡོད་པའི་གནས་ཚུལ་ཐོན་པ་རེད།
———
Back


