འཇུག་ཚུལ་བཤད་པ

14/11/2009 10:37

༄༅། །རྗེས་འཇུག་གི་རྟག་ཀྱི་དབྱེ་བ་དང་འཇུག་ཚུལ་བཤད་པརྗེས་འཇུག་གི་རྟགས་ཀྱི་དབྱེ་བའང་རྗེས་འཇུག་རྣམས་མིང་གཞིའི་ཡི་གེ་རྣམས་ལ་འཇུག་སྐབས་སྒྲ་གདངས་དྲག་ཞན་

སོགས་ཀྱི་དབང་གིས་ཕྱེ་བ་ཡིན་པ་གོང་ལྟར་ཡིན། རྟགས་ཀྱི་དབྱེ་བ་ནི།    ག་ད་བ་ས་བཞི་ནི་ཕོ།   །ང་མ་འ་གསུམ་མོ་

ཡིན་ལ།   །ན་ར་ལ་གསུམ་མ་ནིང་ངོ་། །ཞེས་རྗེས་འཇུག་བཅུ་ཕོ་མོ་མ་ནིང་གསུམ་དུ་སྤྱིར་ཕྱེ་བ་ཡིན། ནང་གསེས་ཞིབ་

ཏུ་ཕྱེ་ན། ཕོ་ལ་སྐྱེས་བུ་རབ་འབྲིང་མཐའ། །མོ་ལ་མོ་དང་ཤིན་ཏུ་མོ།   །མ་ནིང་ལ་ནི་འགྱུར་བ་དང་། །མཚན་གཉིས་

མཚན་མེད་ཅེས་པ་གསུམ།   །ཞེས་ནང་གསེས་བརྒྱད་དུ་ཕྱེ་བ་ཡིན།   དེ་རེ་རེའི་ངོས་འཛིན་ནི།   ག་བ་ས་ཡི་ཡང་

འཇུག་ཅན། རིམ་བཞིན་སྐྱེས་བུ་རབ་དང་འབྲིང་། །ག་ད་བ་སའི་རྗེས་འཇུག་ལས། །ཡང་འཇུག་མེད་པ་སྐྱེས་བུ་མཐའ།

 །ཞེས་པ་སྟེ། 

དཔེར་ན། འཇིགས་ལྟ་བུ་སྐྱེས་བུ་བར།   སྟོབས་ལྟ་བུ་སྐྱེས་བུ་འབྲིང་། རྟག་དང་།   འགྲུབ། མོས། ལྟ་བུ་སྐྱེས་བུ་ཐ་མ་ཡིན་

ནོ།   མོ་ལ་ཡང་འཇུག་ཡོད་མེད་ཀྱིས། །མོ་ཙམ་དང་ནི་ཤིན་ཏུ་མོ། །ཞེས་པ་སྟེ། དཔེར་ན། གངས། ཉམས། ལྟ་བུ་ཡང་

འཇུག་ཡོད་པ་ནི་མོ་ཙམ་དང་། གང་། སྙམ། མཁའ།   ལྟ་བུ་ཡང་འཇུག་མེད་པ་ནི་ཤིན་ཏུ་མོ་ཡིན་ནོ། མ་ནིང་མིང་

གཞིའི་ཕོ་ཡིག་མཐར།   ད་དྲག་ཡོད་མེད་གཉིས་ཀ་དང་།   མོ་མཐར་ཡང་འཇུག་མེད་པ་ཉིད། འགྱུར་བ་མ་ནིང་ཞེས་

སུ་འབོད།   །མིང་གཞིའི་མོ་མཐར་ཡང་འཇུག་ཅན།   །མཚན་གཉིས་མ་ནིང་ཞེས་སུ་གདགས། མིང་གཞིའི་མ་ནིང་ཡི་

གེའི་མཐར།  །ཡང་འཇུག་ཡོད་མེད་གཉིས་ཀ་ལ།   མཚན་མེད་མ་ནིང་ཞེས་སུ་གྲགས། །ཞེས་པ་སྟེ།   དཔེར་ན།   རྐུན། 

  བསྟནད།    འཇལ། ལྟ་བུ་འགྱུར་བ་མ་ནིང་དང་།   འཛིན་ནད།   ལྟ་བུ་མཚན་གཉིས་མ་ནིང་། མཁན།   ཐརད།   ལྟ་བུ་མཚན་མེད་མ་ནིང་དུ་འདོད་པ་ནི་སི་ཏུ་པཎ་ཆེན་གྱི་བཞེད་པ་ཡིན།   རྗེས་འཇུག་གི་རྟགས་ཀྱི་དབྱེ་བ་ལ་སྔོན་

བྱོན་མཁས་པ་རྣམས་ལ་བཞེད་པ་མི་མཐུན་པ་མང་དུ་ཡོད་པ་ནི་མངས་དོགས་ནས་མ་བྲིས་ལ། རྒྱས་པར་ཤེས་འདོད་

ན་གཞན་ལས་ཤེས་པར་བྱའོ།

རྗེས་འཇུག་བཅུ་གསལ་བྱེད་ཀུན་ལ་སྦྱར་ན་ཐམས་ཅད་ཀྱིས་དོན་སྟོན་ནམ་མི་སྟོན་ཞེ་ན།   གསལ་བྱེད་ཀུན་ལ་རྗེས་

འཇུག་བཅུ།   སྦྱོར་དུ་རུང་བར་མཚུངས་ན་ཡང་།   །མིང་དོན་སྟོན་དང་མི་སྟོན་གྱི།   །ཁྱད་པར་འབྱེད་མ་མཆོག་ཏུ་

གཅེས། ཞེས་གསུངས་པ་ལྟར་ཁྱད་པར་ཕྱེ་ན།   །འདི་ལྟར་ཡིན་ཏེ། དཔེར་ན།   གང་། གད།   གབ།   གར་སོགས་དང་། 

  ཕག   ཕང་། ཕན་ལྟ་བུ་རྣམས་ནི་དོན་དེ་དང་དེ་ལ་དྲང་ཐད་དུ་འཇུག་པ་ལས། ཝག ཝད། ཝན་ལྟ་བུ་ནི་དོན་འདི་

ལ་འཇུག་ཅེས་བསྟན་དུ་མེད་པར་མ་ཟད།   དག་ཡིག་ཁུངས་མ་རྣམས་སུའང་མཐོང་རྒྱུ་མེད་དོ།   འོ་ན། རྟགས་འཇུག་

གི་གཞུང་དུ། གང་ལ་ཡི་གེ་ཐམས་ཅད་ལ།   གང་གིས་བཅུ་པོ་དེ་དག་གིས།    །ཞེས་དམིགས་ཀྱིས་མ་བཀར་བར་སྤྱི་ཁྱབ་

ཏུ་གསུངས་པའི་དགོས་པ་དེ་གང་ཡིན་ཞེ་ན།   དེ་ནི་གསལ་བྱེད་སུམ་ཅུ་པོར་རྗེས་འཇུག་བཅུ་ག་ཁྱད་པར་མེད་པར་

འཇུག་ཏུ་རུང་བར་བསྟན་པ་དང་གཅིག    གལ་ཏེ་བོད་རང་གི་སྐད་དང་མཐུན་པའི་མིང་བརྡ་གསར་པ་བཟོ་དགོས་

པའི་གལ་ལ་ཐུག་ཚེ།   དེ་དག་ལས་གང་འོས་ཤིག་བཀོལ་ཆོག་པའི་དམིགས་བསལ་ཡོད་པ་དང་གཉིས་ཀྱི་སྒོ་ནས་

ཤེས་པར་བྱའོ།   ཞེས་ཐོན་མིའི་ཞལ་ལུང་དུ་དསུངས་པ་ལྟར་ཡིན། རྗེས་འཇུག་དེ་དག་ཞུགས་པའི་སྒྲ་གདངས་

ཇི་ལྟ་བུར་འགྱུར་ཞེ་ན།   དེ་ནི། རྗེས་འཇུག་ཕོ་གསུམ་གཞུགས་པ་དྲག།   །མོ་གཉིས་ཞན་དང་མ་ནིང་གསུམ།   །ཞུགས་

ཚེ་སྒྲ་གདངས་རན་པར་འཇུག    །ནང་ཕྲད་དབང་གིས་སོ་སོ་དབྱེ། །ཞེས་གསུངས་ཏེ་གོ་སླའོ། མིང་མཐའ་འདྲེན་

ཚུལ་ནི རྗེས་འཇུག་ཕོ་ཡིས་མིང་མཐའ་ཡང་།   །ཕོ་ཡིག་འདྲེན་པ་ཇི་བཞིན་དུ།   མོ་ཡིས་མོ་དང་མ་ནིང་གིས། །མ་

ནིང་ཅན་གྱི་མིང་མཐའ་འདྲེན།   །དེ་ཡང་གཙོ་ཆེ་ཙམ་ལ་དགོངས།   །བརྗོད་བདེ་དབང་གིས་གཞན་དག་འདྲེན། 

།ཞེས་པ་ལྟར་དཔེ་བརྗོད་ན།   རྗེས་འཇུག་ཕོ་ཡིག་གིས་མིང་མཐའ་ཕོ་ཡིག་འདྲེན་པ་ནི།   ཅིག་ཅར།    བསྐལད་པ། 

ཐུགས་ཀ།   ཞེས་པ་ལྟ་བུའོ།   རྗེས་འཇུག་མོ་ཡིག་གིས་མིང་མཐའ་མོ་ཡིག་འདྲེན་པ་ནི། ཐམ་ག   དགའ་བ།  

གདུང་མ།   ཞེས་པ་ལྟ་བུའོ།  རྗེས་འཇུག་མ་ནིང་གིས་མིང་མཐའ་མ་ནིང་འདྲེན་པ་ནི། དགུན་ཁ།   དབྱར་ཁ།   རལ་ཁ། ཞེས་པ་ལྟ་བུའོ། བརྗོད་བདེའི་དབང་གིས་ཕོས་མོ་ཡིག་འདྲེན་པ་ནི། ཚད་མ།   ལྟད་མོ།   ལྷས་མ།   ཞེས་

པ་ལྟ་བུའོ། མོས་ཕོ་ཡིག་འདྲེན་པ་ནི།   དམ་པ།   སྟོང་པ། ལྷ་ཅིག   ཅེས་པ་ལྟ་བུའོ།  མ་ནིང་གི་མོ་ཡིག་འདྲེན་

པ་ནི   སྟོན་མོ། དར་བ། རྒྱལ་བ། ཞེས་པ་ལྟ་བུའོ། རྣམ་དབྱེ་སོགས་འདྲེན་ཚུལ་ནི། གཞན་ཡང་རྣམ་དབྱེ་བརྒྱད་

དག་དང་།   སླར་བསྡུས་ལྷག་བཅས་ལ་སོགས་པའི།   ཚིག་ཕྲད་འདྲ་མིན་མང་པོ་ཡང་།   །རྗེས་འཇུག་དབང་གིས་སོ་

སོ་འཐོབ། །དེ་ཕྱིར་རྗེས་འཇུག་སྟོབས་ཀྱིས་ནི། མིང་ཚིག་ཡོད་དགུ་འབྱུང་བར་འགྱུར། །ཞེས་པ་སྟེ།   མིང་མཐའ་འདྲེན་ཚུལ་ལས་གཞན་རྣམ་དབྱེ་དང་པོ་ལ་སོགས་པའི་རྣམ་དབྱེ་བརྒྱད་དག་དང་། གོ་ངོ་དོ་ནོ་སོགས་

སླར་བསྡུ་དང་ལྷག་བཅས་ལ་སོགས་པའི་ཚིག་ཕྲད་འདྲ་མིན་མང་པོ་ཡང་།   རྗེས་འཇུག་གི་དབང་གིས་ལ་ལ་རྟགས་

མཚུངས་དང་། ལ་ལ་བརྗོད་བདེའི་ཚུལ་གྱིས་སོ་སོ་འཐོབ་པ་ཡིན་ཏེ།   དཔེར་ན།   འ་དོན་གྱི་ཕྲད་ལས།   རྗེས་འཇུག་

ངའི་རྗེས་སུ་དུ་འཐོབ་པ་རྟགས་མཚུངས་དང་།   རྗེས་འཇུག་སའི་རྗེས་སུ་སུ་འཐོབ་པ་བརྗོད་བདེ་ཡིན་པ་དང་།   ཨི་

ལྡན་གྱི་རྣམ་དབྱེ་ལ་མཚོན་ན།   རྗེས་འཇུག་དའི་རྗེས་སུ་ཀྱི་འཐོབ་པ་རྟགས་མཚུངས་དང་།   རྗེས་འཇུག་ནའི་རྗེས་

སུ་གྱི་འཐོབ་པ་བརྗོད་བདེ་ཡིན་པ་བཞིན་དུ། རྣམ་དབྱེ་དང་ཚིག་ཕྲད་སོགས་འདྲེན་ཚུལ་ལ་ལ་བརྗོད་བདེ་དང་། ལ་

ལ་རྟགས་མཚུངས་ཡིན་པ་རྒྱ་ཆེར་ཤེས་པར་བྱ་དགོས། མདོར་ན།   རྣམ་དབྱེ་དང་ཚིག་ཕྲད་འདྲེན་ཚུལ་གྱི་སྐབས་འདིར་

སུམ་ཅུ་པའི་བརྗོད་བྱ་ཕལ་ཆེར་ཡང་བསྐྱར་གསལ་བར་བྱས་ཡོད་པ་ནི། རྟགས་འཇུག་གི་རྒྱས་འགྲེལ་ཚང་མ་འདྲ་

མཚུངས་ཡིན་པས་གཞུང་དེ་དག་ལ་བལྟ་བར་བྱ་དགོས་པ་དང་།   རྗེས་འཇུག་ཞུགས་པའི་སྟོབས་ཀྱིས་དོན་གྱི་ངོ་བོ་

སྟོན་པའི་མིང་དང་།   དོན་གྱི་ཁྱད་པར་སྟོན་པའི་ཚིག་སྟེ་མིང་ཚིག་ཡོད་དགུའམ་ཡོད་དོ་ཅོག་འབྱུང་བར་འགྱུར་

བ་ཡིན་ཏེ།    རྟགས་འཇུག་གི་རྩ་བར།   འཇུག་པར་བཅས་པ་མེད་ན་ནི།   །མིང་དང་ཚིག་ཀྱང་གསལ་མི་ནུས།   །ཞེས་

གསུངས་པ་ལྟར་ཡིན་ནོ།།

མཇུག་མཐར་སྔོན་བྱོན་མཁས་པས་བརྩམས་པའི་སུམ་རྟགས་ཀྱི་འགྲེལ་པ་གསར་རྙིང་གྲགས་ཆེན་རྣམས་ངོ་སྤྲོད་བྱེད་

འོས་ཀྱང་ཡིག་ཚོགས་ལ་འཇིགས་པས་བཟོད་གསོལ་ཡོད་པ་ཞུ།

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།