འགྲིམ་འགྲུལ་འགོག་སྡོམ།
བོད་དུ་འགྲིམ་འགྲུལ་འགོག་སྡོམ།
སྤྱིར་ཕྱི་གླིང་ཡུལ་སྐོར་བ་རྣམས་རྒྱ་ནག་གི་ས་ཁུལ་གང་དུའང་གང་འདོད་ཀྱིས་འགྲུལ་བསྐྱོད་ཆོག་ཀྱང། བོད་དུ་འགྲིམ་
འགྲུལ་བྱ་འདོད་རིགས་རྣམས་ལ་དམིགས་བསལ་གྱི་ལག་འཁྱེར་ཞིག་གཞུང་ཕྱོགས་ནས་བཟོ་དགོས་ཀྱི་ཡོད་ཅིང། དེའི་
རྒྱུ་མཚན་གཙོ་བོའང་འདས་ལོའི་བོད་ཀྱི་དོན་རྐྱེན་ཁྲོད་ཕྱི་གླིང་བས་དངོས་དོན་གྱི་གནས་ཚུལ་མང་པོ་ཞིག་མཐོང་
བས་ཡིན་འདུག
ཟླ་འདིའི་ཚེས་ ༢༢ ཉིན་ཨེ་པེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འཆར་ཟླའི་ཚེས་ ༡ ཉིན་རྒྱ་ནག་གཞུང་
བཙུགས་ནས་ལོ་ངོ་ ༦༠ འཁོར་བའི་དུས་དྲན་སྲུང་གཙི་བྱ་རྒྱུ་ཡིན་པ་ལྟར། དུས་དྲན་སྲུང་གཙི་དང་འབྲེལ་བའི་ལས་
གཞི་ཁག་ལ་འགལ་རྐྱེན་མི་ཡོང་སླད། ད་སྐབས་བོད་ཁུལ་དུ་ཕྱི་གླིང་ཡུལ་སྐོར་བ་འགྲུལ་བསྐྱོད་བྱ་རྒྱུར་འགོག་སྡོམ་
བྱེད་མུས་ཡིན་ཅིང། བོད་ཀྱི་ཚོང་དོན་དང་ཡུལ་སྐོར་འགྲིམ་འགྲུལ་འཛིན་སྐྱོང་ཁང་གི་ལས་བྱེད་པ་ཏན་ལིན་གྱིས་
བཤད་རྒྱུར། གཟའ་འཁོར་འདིའི་རེས་གཟའ་མིག་དམར་ནས་བཟུང་འཆར་ཟླའི་ཚེས་ ༨ ཉིན་བར་ཕྱི་གླིང་ཡུལ་སྐོར་
བ་བོད་དུ་ཕྱོགས་བསྐྱོད་བྱ་རྒྱུར་འགོག་སྡོམ་བྱ་རྒྱུ་དང། ད་ལྟ་གནས་སྡོད་བྱེད་མུས་དག་ལ་རིམ་བཞིན་གནས་སྡོད་
ཆོག་པའི་ཆོག་མཆན་སྤྲད་ཡོད་པ་རེད་ཅེས་བཤད་འདུག
———
Back

