འགྲིམ་འགྲུལ་དོན་རྐྱེན།
འགྲིམ་འགྲུལ་གྱི་དོན་རྐྱེན།
ལྷ་ས་འདམ་གཞུང་རྫོང་དུ་འགྲིམ་འགྲུལ་གྱི་དོན་རྐྱེན་བྱུང་སྟེ། མི་བཅུ་འདས་གྲོངས་སུ་ཕྱིན་ཡོད་པ་དང་མི་དྲུག་ལ་
རྨས་སྐྱོན་ཕོག་ཡོད་འདུག
ཕྱི་ཚེས་ ༡༨ ཉིན་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་ ༡༦ ཉིན་ལྷ་ས་ནས་འདམ་གཞུང་རྫོང་དུ་
འགྲོ་བའི་སྤྱི་སྤྱོད་རླངས་འཁོར་ཞིག་ཏུ་འགྲུལ་བསྐྱོད་པ་མི་ ༦༠ དྲུད་དེ་འདམ་གཞུང་རྫོང་དང་བར་ཐག་སྤྱི་ལེ་ ༡༥
ཡོད་པའི་མཚམས་སུ་སླེབས་སྐབས་རླངས་འཁོར་ལ་སྐྱོར་ཤོར་ཡོད་འདུག་ལ། དོན་རྐྱེན་དེའི་ཁྲོད་མི་ ༡༠ འདས་གྲོངས་
སུ་ཕྱིན་ཡོད་པ་དང་། མི་ ༦ ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག
འབྲེལ་ཡོད་མི་སྣས་བརྗོད་དོན་ལྟར་ན། ད་ལྟའི་ཆར་རྨས་སྐྱོན་བྱུང་མཁན་གྱི་འགྲུལ་བ་གཞན་རྣམས་ལ་ལྷ་ས་སྨན་
ཁང་དུ་མྱུར་སྐྱོབ་དང་བརྟག་དཔྱད་བྱེད་ཀྱིན་ཡོད་ཚུལ་བརྗོད་ཡོད་འདུག་ལ། ཐེངས་འདིའི་དོན་རྐྱེན་ཁྲོད་འདས་
གྲོངས་སུ་ཕྱིན་མཁན་དང་རྨས་སྐྱོན་ཕོག་མཁན་མང་ཆེ་བ་བོད་རིགས་ཡིན་འདུག
———
Back

