འཁྲབ་སྟོན་རྫུན་མ།

2009-10-08 19:39

བཙན་དབང་འོག་གི་འཁྲབ་སྟོན་རྫུན་མ།

བོད་ཀྱི་དུས་བབ།

དེང་སྐབས་རྒྱ་གཞུང་གིས་བོད་མི་ཚོར་བཙན་གྱིས་རྒྱ་གཞུང་ལ་ངོ་རྒོལ་གྱི་རྣམ་པ་སྟོན་འཇུག་པ་དང་། ཉེན་རྟོག་པར་

ཕར་རྒོལ་བྱེད་པ་སོགས་ཀྱི་འཁྲབ་སྟོན་རྫུན་མ་འཁྲབ་བཅུགས་ཏེ་བརྙན་པར་ལེན་གྱིན་ཡོད་འདུག

ཟླ་སྔོན་མའི་ཕྱི་ཚེས་ ༢༣ ཉིན་སྲི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ། སེར་ཤུལ་རྫོང་ཕྱག་ཚ་ཤང་གི་ནང་དུ་ཁུལ་ཉེན་

རྟོག་པ་ ཁག་ཅིག་ཞིག་འབྱོར་ཏེ།  སྡེ་དཔོན་ཚོར་སང་ཉིན་ཉེན་རྟོག་པ་མང་བོ་འབྱོར་གྱི་ཡོད་སྟབས་ཁྱེད་ཚོས་རྒྱག་

ནག་གཞུང་ལ་ངོ་རྒོལ་གྱི་རྣམ་པ་སྟོན་དགོས་པ་དང་། འགྱིག་དམ་ནང་དུ་ཆུ་བླུགས་ནས་ཉེན་རྟོག་པར་གཞུ་བ་སོགས་

ཉེན་རྟོག་པའི་སྟེང་དུ་དྲག་པའི་ངོ་རྒོལ་བྱེད་ཀྱིན་པའི་རྣམ་པ་སྟོན་དགོས་ཞེས་བརྗོད་ཡོད་པ་དང་།   ཕྱག་ཚ་ཤང་གི་

ཕྱག་ཚ་གྲོང་སྡེ་དང་ཐར་ཤུལ་གྲོང་སྡེ། ཨ་བསེ་གྲོང་སྡེ་སོགས་གྲོང་སྡེ་གསུམ་གྱི་སྡེ་དཔོན་རྣམས་ལ་གྲོང་སྡེ་རེ་ནས་མི་ལྔ་

རེ་ཁྲིད་ཡོང་དགོས་སྐོར་བརྗོད་འདུག      སྡེ་དཔོན་ཚོས་སྐབས་རེར་ཁྱེད་ཚོས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མི་ཆོག་ཟེར་བ་

དང་། ཡང་སྐབས་རེར་མི་ཁྲིད་ཡོང་ནས་ངོ་རྒོལ་བྱེད་དགོས་ཟེར་བ་ལྟ་བུའི་བྱེད་སྟངས་འདི་དག་མགོ་ཚོས་ཀྱི་མི་འདུག

ང་ཚོ་ལ་མི་ཁྲིད་ཡོང་རྒྱུ་མེད་ཅེས་བརྗོད་འདུག་ཀྱང་། ཉེན་རྟོག་པ་དེ་ཚོས་དེ་ནི་གཞུང་གི་བཀའ་ཡིན་སྟབས་མི་ཁྲིད་རྒྱུ་

མེད་ན་འགྲོ་ས་གཅིག་མ་གཏོགས་མེད། དེ་ནི་རང་གིས་གདམ་ཀ་རེད་ཅེས་འཇིགས་སྐུལ་ཡང་བྱས་ཡོད་སྟབས། མཐར་སྡེ་

དཔོན་ཚོ་ཨུ་ཐུག་ནས་རང་གི་ཉེ་འབྲེལ་སོགས་མི་ལྔ་རེ་ཁྲིད་ནས་འགྲོ་དགོས་བྱུང་འདུག་ཅེས་བརྗོད་ཡོད་པ་དང་།

ཡང་ཁོང་གིས་མུ་མཐུད་གསུངས་དོན།   དེ་ལྟར་ཁོང་ཚོས་མི་མང་ལ་བརྡབ་གསིག་མི་འགྲོ་བའི་ཆེད་དུ་རང་གི་ཉེ་

འབྲེལ་སོགས་མི་ལྔ་རེ་ཁྲིད་ནས་ཕྱིན་སྐབས། ཉེན་རྟོག་པ་ཚོས་ཀྱང་བོད་རིགས་ཉི་ཤུ་ཙམ་ཁྲིད་འདུག་ལ། བོད་མི་ཚང་

མར་བོད་ཆས་གྱོན་དུ་བཅུགས་ནས་ཉིན་དེའི་འཁྲབ་སྟོན་དེ་མགོ་བརྩམས་འདུག

འཁྲབ་སྟོན་བྱེད་སྟངས་ནི་ཉེན་རྟོག་ ༨༠༠ ནས་ ༩༠༠ ཙམ་ཞིག་གིས་ལག་ཏུ་མེ་མདའ་དང་མདའ་འགོག་པང་ལེབ་

སོགས་ཁྱེར་ནས་ས་དེའི་གཞུང་ལམ་ཐོག་རུ་སྒྲིག་ནས་ཡོང་སྐབས། བོད་མི་ཚོ་ཉེན་རྟོག་པ་དེ་དག་གི་མདུན་དུ་བརྒྱུགས་

ནས་མི་འདོད་པའི་རྣམ་འགྱུར་བསྟན་ཏེ།  ངོ་རྒོལ་སྐད་འབོད་བྱེད་དགོས་པ་མ་ཟད་ཉེན་རྟོག་པར་ཕར་རྒོལ་བྱེད་རྒྱུ་དེ་

ཡིན་འདུག ཉེན་རྟོག་པ་དང་བོད་མི་གཉིས་ལག་འཛིང་ཤོར་བའི་འཁྲབ་སྟོན་རྫུན་མ་དེའི་མགོ་བརྩམས་པ་ཐག ཉེན་

རྟོག་པའི་སྤག་སྤག་དང་རླངས་འཁོར་སོགས་ཀྱི་འགྱིག་གི་འཁོར་ལོའི་རིགས་མེར་སྲེག་བཏང་སྟེ། དུ་བས་གནམ་ས་ཁེངས་

པ་བྱས་འདུག་ལ། ཤོག་སྤག་བཀད་དེ་མེ་མདའི་སྐད་སྒྲ་ལྟ་བུའི་སྒྲ་བླངས་རྗེས། ཉེན་རྟོག་པ་རེ་ཟུང་ཚབས་ཆེའི་རྨས་སྐྱོན་

གང་ཡང་ཕོགས་མེད་བཞིན་དུ་ཕོགས་ཁུལ་དང་། ཛ་དྲག་ཡིན་ཁུལ་བྱས་ཏེ། མྱུར་སྐྱོབས་རླངས་འཁོར་ནང་བླུགས་ནས་

སྨན་ཁང་དུ་སྐྱེལ་བ་སོགས་ཀྱི་འཁྲབ་སྟོན་ཡང་བྱས་ཡོད་འདུག

ཉིན་དེར་ཉེན་རྟོག་པས་ཁྲིད་ཡོང་བའི་བོད་རིགས་དེ་ཚོས་འཁྲབ་སྟོན་དེའི་ནང་དངོས་གནས་ཉེན་རྟོག་པ་དང་མཉམ་

དུ་འཁྲུག་འཛིང་བྱེད་པ་ལྟ་བུའི་འཁྲབ་སྟོན་བྱས་པ་གཏོགས། གཞན་རྣམས་ལ་འཁྲབ་སྟོན་ཇི་ལྟར་བྱེད་དགོས་མིན་ཤེས་

ཀྱི་མེད་སྟབས། བོད་རིགས་དེ་དག་ནི་ཡུན་རིང་སྦྱང་བརྡར་ཐོབ་པའི་རིགས་ཤིག་ཡིན་པའི་དོགས་གཞི་ཡང་འདུག་ཟེར།

དེ་མིན་འབུམ་སྙིང་ཤང་ཟེར་བའི་ནང་དུའང་དེ་ལྟ་བུའི་འཁྲབ་སྟོན་རྫུན་མ་བྱས་འདུག་པ་མ་ཟད། འདི་ནི་གོང་རིམ་གྱི་

གོ་སྒྲིག་ལྟར་ཁུལ་དེའི་ས་གནས་ཁག་ཚང་མའི་ནང་འཁྲབ་རྒྱུ་ཡིན་འདུག་ཅེས་བརྗོད་ཡོད།

དེ་བཞིན་གསར་འགོད་པས་ཁོང་ལ་འདི་ལྟ་བུའི་འཁྲབ་སྟོན་རྫུན་མ་ཞིག་བྱེད་དགོས་པའི་ཐད་དུ་ཁྱེད་ལ་དགོངས་ཚུལ་

ཅི་ཡོདཅེས་སྐད་ཆ་དྲིས་པར་ཁོང་གིས་གསུངས་དོན། རྒྱ་ནག་གིས་ད་བར་དྲིལ་བསྒྲགས་རྫུན་མ་མང་བོ་ཞིག་བཟོ་བཞིན་

ཡོད་ཀྱང་། གཞིས་བྱེས་བོད་མི་རྣམས་ཀྱིས་༸གོང་ས་མཆོག་གི་བཀའ་དང་མ་འགལ་བར་འཚེ་མེད་ཞུ་བའི་ལས་འགུལ་

རྐྱང་སྤེལ་སྐབས་ཁོང་ཚོར་སྟོན་རྒྱུ་གང་ཡང་མེད་པར་ལྷག་ཡོད་པ་རེད་ལ། དེ་ནི་དཔང་རྟགས་རྫུན་མ་ཞིག་བཟོ་བཞིན་

པ་རེད་བསམ་ནས་བློ་འཚབ་ཡོང་གི་འདུག་ཅེས་ལན་འདེབས་གནང་ཡོད།

Back

Search site

© 2009 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

Free website :: Webnode

དཀོན་མཆོག་བོད་རང་བཙན་དྲ་ཚིགས།