ཝང་ལཱི་ཞོང་
༸གོང་ས་མཆོག་གིས་རྩོམ་པ་པོ་ཝང་ལཱི་ཞོང་ལ་གཟེངས་རྟགས་གནང་བ།
ཟླ་འདིའི་ཚེས་༧ཉིན། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་
མཆོག་གིས་པེ་ཅིང་དུ་རྟེན་གནས་བྱས་ཡོད་པའི་རྒྱ་ནག་གི་རྩོམ་པ་པོ་གྲགས་ཅན་ནམ་རྒྱ་ནག་གཞུང་གིས་༧གོང་ས་
མཆོག་དང་འབྲེལ་མོལ་བྱེད་དགོས་པའི་དགོས་འདུན་འདོན་མཁན་ཝང་ལི་ཞུང་དང་མཇལ་འཕྲད་གནང་ཡོད་འདུག

ཐེངས་འདིར་མགོན་པོ་གང་ཉིད་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཆིབས་བསྒྱུར་བསྐྱངས་སྐབས་རྩོམ་པ་པོ་ཝང་ལི་ཞུང་
ལ་དྲང་བདེན་གྱི་འོད་ཟེར་ཞེས་པའི་གཟེངས་རྟགས་ཤིག་འབུལ་གནང་མཛད་ཡོད་འདུག་ལ། དེ་སྔོན་ཝང་ལི་ཞུང་
གིས་རྒྱ་ནག་གི་གནད་ཡོད་མི་སྣ་སུམ་བརྒྱ་ཙམ་དང་ལྷན་དུ་ན་ནིང་བོད་ནང་གི་གཞི་རྒྱ་ཆེ་བའི་ཞི་རྒོལ་ལ་དྲག་གནོན་
བྱས་པའི་སྐོར་རྒྱ་ནག་གཞུང་ལ་དྲི་བ་དང་སྙན་ཞུ་ཞིག་ཕུལ་ཡོད་པ་རེད། ཁོང་ནི་བོད་པའི་རྩོམ་པ་པོ་དང་སྙན་
ངག་པ་གྲགས་ཅན་འོད་ཟེར་ལགས་དང་འཆང་ས་བརྒྱབ་ཡོད་པ་དང༌། ཁོང་གིས་གསུངས་གསལ། སྙན་ཞུ་ལ་ས་རྟགས་
འགོད་མཁན་དེ་ཚོ་རྒྱ་ནག་གཞུང་གིས་ང་ཚོ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་ཀྱི་ཡོད་པའི་དོན་དངོས་མིན་པའི་ཁྱབ་
བསྒྲགས་ཀྱི་འོག་ནས་ལམ་ཁ་ཡོད་པ་མ་རེད། ང་ཚོས་ངོ་རྒོལ་བྱེད་ཀྱི་ཡོད་ཀྱང༌། རྒྱ་ནག་ལ་ཧ་ཅང་གི་དུང་ཞེན་ཆེ། འོན་
ཀྱང༌། རྒྱ་ནག་ལ་དགའ་བ་དེ་ནི་རྒྱ་ནག་སྲིད་གཞུང་ལ་དགའ་བའི་ཁོངས་སུ་ཚུད་ཀྱི་མ་རེད། སྤོབས་པ་ལྡན་པའི་སྒོ་
ནས་གཞུང་ལ་སྐྱོན་བརྗོད་བྱེད་པ་དེ་ནི་རྒྱ་ནག་རྒྱལ་ཁབ་ལ་མཚོན་ན་དོན་སྙིང་ལྡན་པ་ཞིག་ཡིན་རུང༌། དེ་ལ་རྒྱ་ནག་
གཞུང་གི་ངོས་ལེན་བྱེད་ཀྱི་མ་རེད་ལ་རྒྱ་ནག་གཞུང་གིས་དེ་ནི་སྐྱོན་བརྗོད་ཁོ་ན་ཙམ་འདོད་ཀྱི་ཡོད་པ་རེད། ཅེས་
གཟེངས་རྟགས་འབུལ་བཞེས་གནང་སྐབས་གསུང་བཤད་སྤེལ་ཡོད་འདུག
ཝང་ལི་ཞུང་གིས་༧གོང་ས་མཆོག་གི་དགོངས་དོན་དབུ་མའི་ལམ་དང་བོད་མི་རྣམས་རྒྱ་ནག་མི་དམངས་སྤྱི་མཐུན་
རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབས་དེ་རྒྱ་ནག་
གཞུང་གིས་ངོས་ལེན་བྱེད་ཀྱི་མེད་པ་དེར་བློ་ཕམ་སྐྱེས་ཀྱི་ཡོད་པ་རེད། ཝང་ལི་ཞུང་གིས་དོན་དངོས་མིན་པའི་ཁྱབ་
བསྒྲགས་དེ་ལམ་ལྷོང་བྱུང་ཡོད་པ་མ་རེད། ཅེས་དང༌། རྒྱ་མི་རིགས་མང་པོ་ཞིག་ལ་བོད་པའི་སྐོར་དོན་དངོས་ཤེས་
རྟོགས་ཐུབ་པ་བྱ་རྒྱུར་ཧ་ཅང་ཁག་པོ་ཡིན་པ་དང༌། ཁོང་ཚོར་༧གོང་ས་མཆོག་གི་དབུ་མའི་ལམ་སྐོར་ཤེས་རྟོགས་བྱ་
རྒྱུའི་ལམ་ཁ་ཡོད་པ་མ་རེད། ཅེས་གསུངས་ཡོད་འདུག ཡང་ཁོང་གིས་རང་ཉིད་ལ་ཉེན་སྐུལ་ལྟ་བུའི་སྐུ་ཞབས་ལའུ་
ཞའོ་པའོ་ཡི་སྐོར་ཐུགས་ཁྲལ་བྱེད་བཞིན། གཞུང་གི་ལམ་ཕྱོགས་ལ་ཁས་མི་ལེན་མཁན་གནད་ཡོད་མི་སྣ་དེས་ཁོང་
ལ་སྙན་ཞུའི་སྐོར་རོགས་རམ་གནང་བ་དང༌། རྗེས་སུ་ཁོང་གིས་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སོགས་ཁྱབ་
བརྡལ་བྱེད་པའི་སྒྲིག་བཙུགས་ལས་རིམ་ཞིག་གི་སྣེ་འཁྲིད་གནང་བས་རྐྱེན་གྱིས་་ཁོང་ཉིད་བཙོན་འཇུག་བྱས་ཡོད་
པ་རེད་ཟེར།
ཐེངས་འདིར་རྩོམ་པ་པོ་ཝང་ལི་ཞུང་ལ་གཟེངས་རྟགས་གོ་སྒྲིག་གནང་མཁན་ནི་རྒྱལ་སྤྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་
ཡིན་པ་རེད། རྩོམ་པ་པོ་ཝང་ལི་ཞུང་གི་སྐུ་ཟླ་འོད་ཟེར་ལགས་ཀྱིས། པེ་ཅིང་ནང་ཡོད་པའི་རྒྱ་རིགས་བོད་པའི་སྐོར་
བསམ་ཚུལ་འདོན་མཁན་གཞན་དག་ དེ་ཚོར་ཨ་རིར་ལྟ་སྐོར་དུ་འགྲོ་ཆོག་གི་ཡོད་པ་མ་རེད། ཅེས་གསུངས་ཡོད་འདུག
༧གོང་ས་མཆོག་གིས་དེ་སྔོན་རྩོམ་པ་པོ་ཝང་ལི་ཞུང་ལ་ཐེངས་ཁ་ཤས་མཇལ་འཕྲད་གནང་ཡོད་པ་དང༌། ཁོང་ནི་མི་
སྤོབས་ པ་དང་སྙིང་སྟོབས་ཅན་ཞིག་རེད་ཅེས་བསྟོད་བསྔགས་ཡང་གནང་ཡོད་འདུག
ཁོང་གིས་སྟབས་མི་ལེགས་པ་ཞིག་ལ་རྒྱ་མིས་ནུབ་ཕྱོགས་པ་དེ་ཚོ་ནི་རྒྱ་མི་རིགས་ལ་ངོ་རྒོལ་བྱེད་མཁན་ཞིག་ཏུ་འགྲེལ་
བརྗོད་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་དེ་འདྲ་རྩ་བ་ནས་མ་རེད། ངས་ང་ཚོའི་རྒྱབ་སྐྱོར་བ་དེ་ཚོ་ལ་དེ་ནི་བོད་མི་རིགས་
ཀྱི་ཆེད་དུ་མ་ཡིན་ པར་དེ་ནི་དྲང་བདེན་དང་ཞི་བདེའི་ཆེད་དུ་རེད། ཅེས་གསུངས་ཡོད་འདུག
———
Back

