མགོ་ལོག་པདྨ་རྫོང་ཐོག་ཏུ་བོད་མི་ ༣༠ ཙམ་འཛིན་བཟུང་།

27/01/2012 23:11

 

མགོ་ལོག་པདྨ་རྫོང་ཐོག་ཏུ་བོད་མི་ ༣༠ ཙམ་འཛིན་བཟུང་།

 

བོད་ཀྱི་བང་ཆེན།

བོད་མགོ་ལོག་པདྨ་རྫོང་ཐོག་ཏུ་ཟླ་འདིའི་ཚེས་༢༤ ཉིན་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་པར་བརྟེན། གཞུང་གིས་བོད་མི་ ༣༠ ཙམ་འཛིན་བཟུང་བཙན་ཁྲིད་བྱས་འདུག

ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་ནི་རྒྱ་ནག་གིས་དཔྱིད་གསར་དུས་ཆེན་དང་བོད་ཨ་མདོ་ས་གནས་ཁག་ཏུ་ལོ་གསར་ལ་ཁེལ་ཡོད་ནའང་། མགོ་ལོག་པདྨ་རྫོང་ཐོག་ཏུ་བོད་མིར་འགྲོ་བ་མིའི་ཐོབ་ཐང་མེད་པས། ལོ་གསར་སྤྲོ་སྐྱིད་གཏོང་རྒྱུ་མིན་སྐོར་གྱི་སྐད་འབོད་བྱས་པར་བརྟེན། ཉིན་དེའི་ཉིན་གུང་ཙམ་ལ། བོད་མི་ཕོ་གསར་༣༠ ཙམ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག བཙན་ཁྲིད་བྱས་པ་ཙམ་ལས་ས་གནས་གང་ཞིག་ཏུ་ཁྲིད་ཡོད་མེད་གསལ་ཁ་མེད་པ་མ་ཟད། སུ་སུ་བཙན་ཁྲིད་བྱས་ཡོད་ཀྱང་ད་དུང་ཁ་གསལ་མེད་པ་རེད། ད་ལྟ་མགོ་ལོག་པདྨ་རྫོང་དུ་དམག་མི་མང་པོ་འབྱོར་བཞིན་ཡོད་པའི་གནས་ཚུལ་འདུག །

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།