བློ་བཟང་སྦྱིན་པ།

09/12/2009 13:50

  བློ་བཟང་སྦྱིན་པ།

དཀོན་མཆོག་བོད་རང་བཙན་དྲ་ཚིགས།

དེང་དུས་དང་གནའ་སྲོལ་གྱི་ཤེས་ཡོན་ཅན། ལྷག་བསམ་དང་འཇོན་སྟངས་ལྡན་པ། ལོ་ངོ་ ༣༥ ཙམ་བོད་

གཞུང་ལས་ཁུགས་ཁག་གི་ནང་ཕྱག་ལས་སྣེ་མང་གནང་མྱུང་མཁན། དམིགས་བསལ་ཁྱད་ཆོས་ྋརྒྱལ་བ་

རིན་པོ་ཆེའི་དགོངས་གཞི་རྒྱུས་མངའ་གང་ལེགས་ཡོད་པ། སྐུ་སྒེར་དྲུང་ཆེ་ཟུར་པ་སྐུ་ངོ་བློ་བཟང་སྦྱིན་པ་

ལགས། དགུང་ལོ་ ༤༩ སྐྱེས་ཡུལ། ཁམས་ཚ་བ་རོང་པ། གཞི་རིམ་སློབ་གྲ་མ་སུ་རི་གཏན་སློབ་ནས་༡༩༧༣ ལོར་ཐོན་པ་དང་ཤེས་རིག་ལས་ཁུངས་ནང་ཕྱག་ལས་གནང༌། དེ་ནས་རྒྱ་གར་པན་ཇབ་མཐོ་སློབ་ཅན་དི་

སྒར་ནས་ཐོན་ནས་བོད་གཞུང་དཔེ་མཛོད་དང་ལས་ཁུགས་ཁག་གི་ནང་ཐིམ་པ་རིམ་འཛེགས་ཀྱི་ལོ་ངོ་ ༣༥ ཙམ་བོད་གཞུང་གི་སྲིད་ཞུའི་ཞབས་ཞུ་གནང་ནས་དྲུང་ཆེའི་གནས་རིམ་ཐོག་ཉེ་ཆར་རྒས་ཡོལ་དུ་ཕེབས།

ཁོང་གི་ལོ་རྒྱུས་སྙིང་བསྡུས། སྐུ་སྒེར་ཡིག་ཚང་དུ་ཕྱག་ལས་གནང་བཞིན་པའི་སྐབས་དེར་ ༧༧ ལོར་གཞོན་

ནུའི་སྒྲིགས་འཛུགས་ཐོར་ཉེན་གྱི་དཀའ་ངལ་ནང་ཡོད་པའི་སྐབས་དེར། ཁོང་ནས་ཚོགས་གཙོའི་འགན་

འཁུར་བཞེས་ཏེ་སྒྲིགས་འཛུགས་སླར་གསོ་སྲ་བརྟན་གནང༌། དེ་རྗེས་ ༡༩༨༣ ནས་བདེ་སྲུང་ལས་ཁུངས་ཀྱི་

དྲུང་གཞོན་དང་དྲུང་ཆེ་འགན་འཁུར་བཞེས་ནས་ཕྱག་ལས་ག་རེ་གནང་ཡོད་མེད་གཞུང་ཞབས་བགྲེས་པ་

ཡོང་ནས་མཁྱེན་གསལ་ཡིན།

དེའི་རྗེས་བ་ཡུལ་དོན་གཅོད་དུ་ཆེད་གཏོང་གནང་བ་བཞིན་བ་ཡུལ་ནང་རྒྱུན་རིང་དཀའ་རྙོག་ཡོད་པ་དང་

སློབ་གྲ་དང་ཡིག་ཚང་གསར་བསྐྲུན། མང་ཚོགས་ཀྱི་བདེ་སྡུག་དཀའ་སེལ་ཆེད་ཕྱག་ལས་ག་རེ་གནང་ཡོད་

མེད་ཀྱང་བ་ཡུལ་མི་མང་དང་འབྲེལ་ཡོད་རྣམས་ཀྱི་ཐུགས་མངའ་ཡིན། ༡༩༨༤ ལོར་བོད་ནང་ལ་བལྟ་སྐོར་

གཉིས་པའི་སྐུ་ཚབ་ནང་ལའང་ཕེབས་ཡོད། དེ་ནས་ ༡༩༩༤ ཙམ་ནས་༢༠༠༧ བར་དྲུང་ཆེ་མཚན་གནས་ཐོག་

མི་ལོ་བཅོ་ལྔ་ཙམ་རིང་སྐུ་སྒེར་དྲུང་ཆེའི་ལས་འཁུར་ཞུས་གནང༌། ཁོང་རང་གི་ནང་མི་ཨ་རི་ཕྱིན་ཀྱང་བོད་

གཞུང་ཉག་ཁྲ་བའི་སྐབས་དེར་ནང་མི་བློད་བཏང་ནས་རྒས་ཡོལ་མ་ཐོན་པར་ཞབས་ཞུ་མུ་མཐུད་གནང་ཡོད། ཡིན་ཡང་ལོ་ཤས་སྔོན་བར་ལམ་མི་ངན་འགས་སྒེར་ནད་དང་དཀྲོག་གཏམ་གྱི་ཁོང་གི་སྐུ་སྒེར་ཡིག་ཚང་དངུལ་

བེད་སྤྱོད་ལོག་པ་བཏང་བ་དང༌། ྋརྒྱལ་བ་རིན་པོ་ཆེད་ཁོང་ལ་དགོངས་པ་འགལ་ཡོད་པ་སོགས་མང་ཚོགས་

ནང་དཀྲོག་གཏམ་སྤེལ་ཡོད་པ་ནི་བདེན་པ་རྩ་བ་ཉིད་ནས་མིན། སྐུ་སྒེར་ཡིག་ཚང་ནས་དངུལ་སུ་ལ་གནང་

བ་དང་ག་འདྲ་སེ་གནང༌།.

དངུལ་སུའི་ཆེད་དུ་དང་ག་ནས་འབྱོར་ཡོད་བཅས་ཀྱི་སྐོར་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་གཙོས་འབྲེལ་ཡོད་

རྣམས་དང༌། ལྷག་དོན་དངུལ་གནང་ས་བཙུན་དགོན་འཇམ་དབྱངས་ཆོས་གླིང་གི་རྩིས་ཁྲའི་ནང་ཁ་གསལ་

པོ་ཡོད། ྋརྒྱལ་བ་རིན་པོ་ཆེ་དགོངས་པ་འགལ་ཡོད་མེད་ཉེ་ཆར་རྒས་ཡོལ་ཕེབས་པའི་ཐོན་མཇལ་སྐབས་

དང༌། ཡང་ྋགོང་ས་མཆོག་ནས་ྋསྐུ་སྒེར་འཇམ་བསྟན་ལགས་ལ་དགོངས་པ་འགལ་མེད་པའི་བཀའ་སློབ་

གསལ་པོ་གནང་ཡོད། གནས་ཆུང་ཆོས་སྐྱོང་ནས་ཀྱང་ཁོང་ྋགོང་ས་མཆོག་གི་བཀའ་དགོངས་ལྟར་ལྷག་

བསམ་ཕྱུག་མེད་ཀྱི་འགན་འཁུར་བཞེས་མཁན་ཞིག་ཡིན་པར་ངོ་འཛིན་གྱི་ཆོས་སྐྱོང་གི་ཕྱག་སྐྲས་ཡང་ཉེ་ཆར་

གནང་ཡོད། མདོ་དོན། ཁོང་ནི་གཙོ་བོ་དྲང་ཚུགས་དང༌། ཤེས་ཡོན། ཉམས་མྱོང༌། ལྷག་བསམ་ལྡན་པ། ཕུགས་

མགྱངས་རིང་པོ་དགོངས་བཞེས་ཐུབ་མཁན། འཛིན་སྐྱོང་དང་ཆབ་སྲིད་ཀྱི་ཉམས་མྱོང་གང་ལེགས་ཡོད་པ། བོད་ཀྱི་ལོ་རྒྱུས་ནང་ཆེས་རྫ་དྲག་གི་དུས་ཚོད་འདིར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དགོངས་གཞི་ལྟར་

མི་མང་འགོ་འཁྲིད་གང་སྤྱིའི་ཐོག་ནས་མཚམས་ཤོས་ཞིག་ཡིན། ཁོང་གི་ལོ་རྒྱུས་རྒྱས་པ་རྗེས་སུ་འདོན་ཆོག་

པ་ཞུ། ༢༠༠༩ ཕྱི་ཟླ་ ༧ ཚེས་ ༢༥ བོད་ཟླ་༤ ཚེས་ ༦ ཆོས་བསྐོར་དུས་ཆེན་ཉིན་བཟང་པོར།      

བཀའ་ཁྲི་དྲ་རྒྱ་ལས་དྲངས།

ཁོང་ནི་༢༠༡༡ ལོའི་བཀའ་བློན་ཁྲི་པ་འོས་མི་ནང་དུའང་ཡོད། གལ་ཏེ་མཁས་དབང་བློ་བཟང་སེངྒེ་ལགས་

                  སྐབས་རྗེས་མའི་བཀའ་བློན་ཁྲི་པའི་འོས་འདེམས་བྱ་འདོད་ན། འདིར་གཟིགས། 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།