བོད་དོན་བགྲོ་གླེང་།
བོད་དོན་བགྲོ་གླེང་།
འོད་དཀར་དྲྭ་ཚིགས།
༢༠༠༩ལོའི་སྤྱི་ཟླ༦ཚེས་༡༢ཉིན་གྱི་རེས་གཟའ་པ་སངས་ཕྱི་དྲོའི་ཆུ་ཚོད་༢པའི་སྟེང་བོད་རང་དབང་འཐབ་རྩོད་པ་
བསྟན་འཛིན་བརྩོན་འགྲུས་ལགས་བོད་དོན་གླེང་སློང་ཆེད་སྦེལ་ཀོབ་གཞིས་ཆགས་ཁག་ཏུ་ཕེབས་འཆར་གྱི་དགོངས་
དོན་དང་སྟབས་བསྟུན་ཏེ།
སྦེལ་ཀོབ་བོད་ཀྱི་གཞིས་ཆགས་གསར་བའི་བདེ་སླར་ཚོགས་ཁང་དུ་ངེད་འོད་དཀར་དྲ་ཚིགས་དང་ཕྱིར་རང་ཡུལ་
དུ་ལོག་པའི་ལས་འགུལ་གཉིས་ཀྱི་བཀོད་སྒྲིག་འོག་ཡུལ་དེའི་ས་གནས་བུད་མེད་ལྷན་ཚོགས་དང་ས་གནས་གཞོན་
ནུ་ལྷན་ཚོག་གཉིས་གཙོས་ཚོགས་སྡེ་ཁག་གི་སྐུ་ཚབ་དང་། གནད་ཡོད་མི་སྣ། དེ་བཞིན་དུ་གསར་འགོད་པ་དང་
ཟུར་ཉན་ལ་ཡོང་མཁན་གྱི་མི་མང་བཅས་ཁྱོན་སྡོམ་མི་གྲངས་ཆིག་སྟོང་ལྷག་ཚོགས་འདུར་མཉམ་ཞུགས་གནང་
འདུག ཐེངས་འདིའི་ཚོགས་འདུའི་དགོངས་དོན་ལྟར་བོད་དོན་འཐབ་རྩོད་སྐོར་གྱི་གཏམ་བཤད་དང་དྲི་བ་
དྲིས་ལན་སོགས་ཞིབ་རྒྱས་ངང་གནང་སོང་ལ། ཚོགས་འདུའི་དབུ་འཛུགས་སྟེང་དུ་ཕྱིར་རང་ཡུལ་དུ་ལོག་པ་ཞེས་
པའི་ལས་འགུལ་བཀོད་སྒྲིག་པ ༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་གིས་ཐེངས་འདིའི་གཏམ་བཤད་ཚོགས་
འདུ་འདི་ཉིད་ཅི་ཞིག་ལ་སྦེལ་ཀོབ་གཞིས་ཆགས་ཁག་ཏུ་བཀོད་སྒྲིག་བྱེད་དགོས་པའི་རྒྱུ་མཚན་སོགས་ཀྱི་ཐད་ནས་
གསུང་བཤད་གནང་ཞིང་། དེའི་རྗེར་བློ་བཟང་ཡེ་ཤེས་ལགས་ནས་ཚོགས་འདུ་དངོས་སུ་གཙོ་སྐྱོང་གནང་ཞིང་དེ་
བཞིན་དུ་བོད་དོན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ནས་བོད་མི་གཞོན་སྐྱེས་ཚོའི་ངོས་ནས་བོད་
དོན་འཐབ་རྩོད་དང་ཤེས་ཡོན་གལ་ཆེན་དུ་འཛིན་དགོས་པའི་སྐོར་དང་གཞན་ཁོ་རང་ཉིད་ཀྱིས་བོད་རང་བཙན་
བརྩོན་ལེན་བྱེད་དགོས་པའི་རྒྱུ་མཚན་སོགས་ཀྱི་བརྗོད་གཞིའི་ཐོག་ནས་གཏམ་བཤད་གནང་བ་མ་ཟད། མི་མང་
དང་མཉམ་དུ་བོད་རང་དབང་འཐབ་རྩོད་བྱེད་ཕྱོགས་སྐོར་གྱི་དྲི་བ་དྲིས་ལན་སོགས་ཆུ་ཚོད་གསུམ་ལ་གནང་རྗེས་
ཚོགས་འདུ་རྒྱལ་ཁའི་ངང་གྲོལ་འདུག
———
Back



