བོད་ཀྱི་ས་དབྱིབས

06/11/2009 09:56

                         བོད་ཀྱི་ས་དབྱིབས

ས་དབྱིབས།

གངས་ཅན་གྱི་ལྗོངས་ནི་གངས་རི་དང་རི་རྒྱུད་མང་བོས་བསྐོར་བས་ས་དབྱིབས་སྣ་ཚོགས་སུ་ཆགས་ཡོད། དེའང་

བོད་རང་སྐྱོང་ལྗོངས་ཀྱི་ས་དབྱིབས་ས་ཁུལ་ཁག་བཞིར་དབྱེ་རུང་།

1 ཧི་མ་ལ་ཡའི་རི་ཁུལ། དེ་ནིི་བོད་རང་སྐྱོང་ལྗོངས་ཀྱི་ལྷོ་རྒྱུད་ན་གནས་པ་སྟེ། ཤར་ནུབ་ལ་འགྲོ་ཕྱོགས་གཅིག་པའི་

རི་རྒྱུད་འགའ་ཞིག་ལས་གྲུབ་ཅིང་།རྒྱ་གར་དང་བལ་བོ།འ བྲུག་པ།འབྲས་ལྗོངས་སོགས་རྒྱལ་ཁབ་ལ་འདབས་འབྲེལ་

དུ་གནས་པའི་ས་ཁུལ་ཏེ། ཆ་སྙོམས་ཆུ་མཚམས་སྨིས་དྲུག་སྟོང་ཡས་མས་ཡིན། རི་ཁུལ་གྱི་ནུབ་རྒྱུད་ནི་སྐམ་ཤས་དང་

གྲང་ངར་ཆེ་བ། ཤར་རྒྱུད་རྣམས་གནས་གཤིས་དྲོ་ཞིང་ཆར་ཆུ་བཟང་བ།  ནགས་ཚལ་སྟུག་པ་དང་རྩི་ཤིང་སྣ་མང་

ཕུན་སུམ་ཚོགས་པ་རེད། རི་ཁུལ་དེའི་ལྷོ་བྱང་གི་ལོག་གཉིས་ཀྱི་གནས་གཤིས་དང་ས་དབྱིབས་ལ་ཁྱད་པར་ཆེན་པོ་

ཡོད།

  2 བོད་རང་སྐྱོང་ལྗོངས་བྱང་ཕྱོགས་མཐོ་སྒང་དང་མཚེའུ་གཞོང་རོང་ཁུལ།

དེ་ནི་གངས་ཏེ་སེའི་རི་རྒྱུད་དང་ཧི་མ་ལ་ཡའི་རི་རྒྱུད་ཆེན་པོ་གཉིས་ཀྱི་བར་དུ་གནས་ཤིང་། ཡར་ཀླུང་གཙང་བོ་

དང་དེའི་ཆུ་ལག་རྒྱུག་ཡུལ་གྱི་ས་ཁུལ་དག་ཡིན། དེར་ཡངས་དོག་མི་འདྲ་བའི་ལུང་གཞུང་བདེ་ས་དང་མཚོ་ངོས་

གཞོང་རོང་ས་མང་པོ་ཡོད་ལ། ལུང་ཞེང་སྤྱིར་བཏང་ཏུ་སྤྱི་ལེ 70ནས་100 ཡིན།ས་དབྱིབས་བདེ་ཞིང་ས་རྒྱུ་གཤིན་

པ་དང་ཆུ་ཡུར་འཕྲེད་དཀྱུས་སྣོལ་མར་གནས་པས།འབྱོར་ཕྱུག་ལྡན་ཕིང་ཡིད་དུ་འོང་བ་རེད། ཁུལ་དེ་ནི་བོད་ཀྱི་

རོང་ས་གཙོ་བོ་ཞིག་ཡིན། དེར་སྐྱིད་ཆུའི་གཞུང་ལུང་དང་མྱང་ཆུའི་གཞུང་ལུང་། ཉང་ཆུའི་གཞུང་ལུང་སོགས་

ལུང་གཞུང་བདེ་ས་མང་པོ་སྣང་།

  3 བོད་ལྗོངས་བྱང་ཕྱོགས་མཐོ་སྒང་དང་མཚེའུ་གཞོང་གི་ས་ཁུལ།

དེ་ནི་ཁུ་ནུ་རི་བོ་དང་གདང་ལ།གངས་ཏེ་སེ་དང་གཉན་ཆེན་ཐང་ལྷའི་བར་དུ་གནས་ཡོད་ལ། དེར་ལྷོ་བྱང་རི་

ཐང་དང་མཚེའུ་གཞོང་། ཁུ་ནུ་རི་ཁུལ་འདུས་ཤིང་། སྟར་ཆགས་པའི་དེའུ་འབུར་ཆེ་ཆུང་མང་བོ་ལས་གྲུབ་ཅིང་།

ལྟོས་འཇོག་གི་མཐོ་ཚད་ཀྱི་ཁྱད་པར་སྨིས 100ནས་ 400ཡིན།དེའུ་འབུར་ཆེ་ཆུང་མང་བོ་དང་མཚོ་མཚེའུ་རྒྱུ་སྐར་

ལྟར་བཀྲ་ཞིང་སྤང་ལྗོངས་གཡུ་ཡི་གཞོང་བ་ལྟར་སྣང་། དེ་ནི་བོད་ཀྱི་འབྲོག་ལས་ས་ཁུལ་གཙོ་བོ་ཞིག་གོ།

4 བོད་ལྗོངས་ཤར་ཕྱོགས་ཀྱི་རི་ཆེན་གྲོག་རོང་ས་ཁུལ།

དེ་ནི་ནག་ཆུ་ཤར་ཕྱོགས་ཏེ་གྲགས་ཆེ་བའི་འཕྲེད་རྒྱུག་རི་བོའི་ས་ཁུལ་ཏེ། སྟར་ཆགས་པའི་ཤར་ནུབ་རི་རྒྱུད་འགྲོ་

ཕྱོགས་ནི་རིམ་བཞིན་ལྷོ་བྱང་ཕྱོགས་སུ་འཁོར་བའི་རི་ཆེན་གྲོག་རོང་གི་ཁུལ་ཡིན། དེའི་བར་དུ་རྒྱལ་མོ་རྔུལ་ཆུ་དང་

རྫ་ཆུ། འབྲི་ཆུ་བཅས་ཡོད། ས་བབ་བྱང་མཐོ་ཞིང་ལྷོ་དམའ་ལ། ས་དབྱིབས་སྣ་ཚོགས་གཅིག་འདྲ་མིན། བྱང་རྒྱུད་ཀྱི་

མཐོ་ཚད་ཆུ་མཛམས་ལྔ་སྟོང་ཉིས་བརྒྱ་ཡས་མས་ལ་སླེབས་ཡོད་ལ་རི་རྩེ་གཟར་གཟུགས་ཆུང་བ་དང་ལྷོ་རྒྱུད་ཀྱི་མཐོ་

ཚད་ཆ་མཚམས་བཞི་སྟོང་ཡས་མས་ཟིན་ལ་རི་བོ་གཡང་གཟར་།    རི་རྩེ་ནས་གྲོག་རོང་བར་གྱི་གཏིང་ཟབ་ཚད་སྨི

2500ཙམ་ཡིན་ལ། རི་རྩེར་སྲིད་པའི་གངས་ཀྱིས་གཡོགས་ཤིང་རི་སྔོ་ལྗང་ནགས་ཀྱིས་བརྒྱན་པ། རི་འདབས་སུ་དུས་

བཞིར་དབྱེར་མེད་ཀྱི་ཞིང་ཐང་སོགས་ལྷོ་ཕྱོགས་རོང་སའི་རྨད་བྱུང་གི་མཛེས་ཆོས་དག་ཡོངས་སུ་འདུས་པས་ཕུན་

སུམ་ཚོགས་ཤིང་ལྟ་ན་སྡུག་པར་སྣང་།

  ཨམ་མདོ་མཚོ་སྔོན་ལ་མཚོན་ན། མཚོ་སྔོན་མཐོ་སྒང་ནི་འཛམ་གླིང་གི་ཡང་རྩེ་སྟེ། མདོ་དབུས་མཐོ་སྒང་གི་བྱང་

ཤར་དུ་གནས་ཤིང་། ས་དབྱིབས་མཐོ་ཞིང་གནམ་དུ་ཟུག་པས་སྐད་གྲགས་འཛམ་གླིང་དུ་ཆེ།ཆུ་མཚམས་དམའ་ཤོས་

ནི་ཤར་ཁུལ་མིན་ཧོ་རྫོང་གི་ལུང་ཞོལ་མདོ་སྟེ། ཆུ་མཚམས་ 1600ཡིན་ལ།མཐོ་ཤོས་ནིཤིན་ཅང་དང་འབྲེལ་མཚམས་

ཀྱི་ཨར་ཀི་རི་བོའི་མོ་ནོ་མ་ཝ་རི་རྩེ་སྟེ་ཆུ་མཚམས་སྨི 7720ཡོད།    རྨ་ཆུ་དང་ཙོང་ཆུའི་གཞུང་ལུང་དང་ཚ་འདམ་

གཞོང་སར་སྨི2000ནས 3000ཡོད་པ་མ་གཏོགས།ས་ཆ་མང་ཆེ་ཤོས་3000ནའ་4500སླེབས་ཡོད།འཕར་ཆག་སྙོམས་

ཤིང་རྒྱ་ཆེ་བའི་མཚོ་སྔོན་མཐོ་སྒང་དུ་འབོད་དོ།ས་རྒྱུས་དང་གནམ་གཤིས།  གཤིན་ས། རྩི་ཤུན་སོགས་མི་འདྲ་བས། ས་

དབྱིབས་ཀྱི་ཁྱད་ཆོས་མངོན་སུམ་ཡིན་ཞིང་ས་དབྱིབས་ཁག་གསུམ་དུ་ཕྱེས་པ་སྟེ། མདོ་ལ་ས་ཁུལ་དང་ཚ་འདམ་གཞོང་

ས་ཁུལ། མཚོ་སྔོན་ལྷོ་རྒྱུད་མཐོ་སྒང་ས་ཁུལ་བཅས་སོ།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།