པེ་ཅིན་ལ་སྡིག་

2009-10-02 00:06

གྲོས་ཚོགས་ཀྱིས་པེ་ཅིན་ལ་སྡིག་པ།

བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱིས་རྒྱ་ནག་གི་རྒྱལ་བཙུགས་དུས་སྟོན་ཉིན་ངོ་རྒོལ་གྱི་གསུང་འཕྲིན་བསྩལ་ཡོད་པ་

རེད།
སྤྱི་འཐུས་ལྷན་ཁང་གི་གསལ་བསྒྲགས་ནང་བཀོད་དོན། དེ་རིང་རྒྱ་ནག་གིས་རྒྱལ་ཁབ་འདི་བཙུགས་ཏེ་ལོ་ ༦༠ འཁོར་

བའི་དུས་སྟོན་བཤམས་ཀྱིན་ཡོད་པ་རེད། འདས་པའི་ལོ་རྒན་ ༦༠ རིང་དེར།  རང་དབང་དང་ཞི་བདེ་ལ་དགའ་བའི་

བོད་མི་རིགས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པའི་བཙན་འོག་ཏུ་ཚུད་ཅིང་། བོད་ཀྱི་ཡུལ་ཁམས་དང་མི་རིགས། ཆོས་

ལུགས། རིག་གཞུང་། སྐད་ཡིག ཡིག་རྩ་བཅས་ལ་ཁྱོན་ཡོངས་ནས་གཏོར་སྐྱོན་བཏང་ཡོད་པ་རེད། འདི་དག་ནི་ད་ཆར་

རྩ་གཏོར་གྱི་ངོ་བོར་ལྷག་ཡོད་སྐོར་བཤད་ཡོད་པ་རེད། ཡིན་ཡང་། རྒྱ་ནག་གིས་ཆབ་སྲིད་ཀྱི་དྲིལ་བསྒྲགས་ལ་དམིགས་

ཏེ་བོད་ནང་ལ་འཁྱེར་ཡོང་བའི་རླབས་ཆེ་བའི་ཡར་རྒྱས་ཞེས་པའི་འགྲེམས་སྟོན་ཡང་བྱེད་ཀྱིན་པ་མ་ཟད།  བོད་ཡུལ་

ཆོལ་ཁ་གསུམ་དུ་འགྲེམས་སྟོན་དེ་སྟོན་གྱིན་ཡོད། དོན་ངོ་མར་བོད་མི་རིགས་དང་གྲངས་ཉུང་མི་རིགས་གཞན་རྣམས་

ཀྱིས་རྒྱ་ནག་གི་གཡོ་སྒྱུའི་སྲིད་བྱུས་ཀྱི་འོག་དམ་དྲག་དང་བཅས་མནར་གཅོད་མྱོང་གི་ཡོད། དངོས་ཡོད་དང་འགལ་

བའི་བྱ་སྤྱོད་འདི་རིགས་ཀྱི་གཞིས་བྱེས་བོད་མི་རྣམས་ཀྱི་འདོད་བློ་མི་ཚིམས་ལ། བོད་ཀྱི་གནད་དོན་སེལ་ཕྱོགས་ཀྱི་ཐབས་

ལམ་འདྲ་འཁྱེར་ཡོང་མི་ཐུབ། རྒྱ་ནག་གིས་བོད་བཟུང་བ་ནས་གཡོན་ཐལ་ཆེ་བའི་སྲིད་བྱུས་ཀྱི་འོག་ནས་ནོར་འཁྲུལ་གྱི་

བྱ་བ་རྣམས་ལག་བསྟར་བྱས་ཏེ་བོད་ཀྱི་ལོ་རྒྱུས་ཁྲོད་བྱུང་མྱོང་མེད་པའི་བྱ་བ་རྣམས་བརྩམས་ཡོད།

ད་ལྟའི་དཔལ་འབྱོར་འཛུགས་སྐྲུན་གྱི་སྲིད་བྱུས་འོག་ཏུའང་རྒྱ་ནག་གཞུང་གིས་བོད་མི་རིགས་རྩ་མེད་བཟོ་རྒྱུའི་ཐབས་

ཇུས་འཐེན་ཡོད་པར་བཤད།  མི་ལོ་ ༦༠ དུས་དྲན་སྐབས་སུའང་རྒྱ་ནག་གིས་དངོས་ཡོད་དང་འགལ་བའི་སྲིད་བྱུས་དང་

ལས་རིམ་སོགས་བྱ་བ་ཁག་ཅིག་རྩོམ་གྱིན་ཡོད་ལ། འདི་ལྟའི་མགོ་སྐོར་གྱི་བྱ་བ་དག་ནི་རྒྱ་ནག་ནང་གི་གྲངས་ཉུང་མི་

རིགས་དག་གི་མངོན་འདོད་མིན་པས་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཁང་གིས་མཐའ་གཅིག་ཏུ་ངོ་རྒོལ་ཡོད་

ཟེར།

Back

Search site

© 2009 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

Create a group website :: Webnode

དཀོན་མཆོག་བོད་རང་བཙན་དྲ་ཚིགས།