དོན་ཚན་གསུམ།
གྲོས་གཞི་དོན་ཚན་གསུམ།
བོད་ཀྱི་དུས་བབ།
རྒྱལ་ཁབ་ཀྱི་མཚན་སྙན་གོང་མཐོར་གཏོང་རྒྱུར་ངེས་པར་དུ་ཆབ་སྲིད་དང་འབྲེལ་བ་མེད་པའི་ཐོག་ནས། ༧གོང་ས་
མཆོག་བོད་ལ་གདན་འབོད་དང་། བོད་མིའི་མངོན་འདོད་སྐོང་ཐུབ་དགོས་པ་གལ་ཆེ་བ་ཡིན། དེ་འདྲ་ཡིན་དུས།
ཕྱོགས་གཉིས་པོའི་ནང་ཡིད་ཆེས་དང་གནས་དོན་ཞི་འགྲིག་ཡོང་བར། རྒྱལ་ཁབ་གཞན་གྱི་རོགས་སྐྱོར་ལ་ངེས་ལེན་
དགོས་རྒྱུ་དེ་གལ་འགངས་ཆེན་པོ་རེད།
ཟླ་འདིའི་ཚེས་ ༢༨ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་བའི་ཆར་དབྱིན་ཇིའི་གྲོས་ཚོགས་མི་
སྣའི་རུ་ཁག་ཅིག་རྒྱ་ནག་དང་བོད་ནང་གི་གནས་སྟངས་ཇི་ཡིན་གྱི་ཉམས་ཞིབ་ཆེད་བསྐྱོད་གནང་ཡོད་པ་དང་། ཁ་
ཉིན་སྐུ་ཚབ་རྣམ་པ་ཚོའི་གཟིགས་སྐོར་གྲུབ་སྟེ་ཕྱིར་འབྱོར་ཡོད་པ་རེད། སྐུ་ཚབ་མི་སྣ་ལོཌ་སི་ཊིལ་གྱིས་ཐེངས་འདིའི་
གཟིགས་སྐོར་གྱི་ཉམས་མྱོང་དང་འབྲེལ་ཏེ་གསུངས་དོན། ང་རང་གྲོས་ཚོགས་མི་སྣ་ཞིག་ཡིན་པའི་ཆ་ནས་ཐེངས་
འདིའི་གནད་དོན་རྟོགས་ཞིབ་ཀྱི་མགྲོན་འབོད་ལ་དགའ་ཚོར་ཆེན་པོས་ངོས་ལེན་ཞུས་པ་ཡིན། ངེད་ཚོ་བོད་ཀྱི་རྒྱལ་
ས་ལྷ་སར་འབྱོར་འཕྲལ་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཁྱབ་གཞོན་པའི་ལྷན་དུ་ཞིབ་ལྷོད་ཀྱིས་གྲོས་བསྡུར་བྱས་ཤིང་། ལྷ་
སའི་ནང་དུ་རྒྱ་མི་རིགས་དང་ཧན་རིགས་ཁ་ཆེ་བ་ཚོའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་པ་དང། ལྷག་པར་འདས་
ལོའི་དོན་རྐྱེན་གྱི་ཁྲོད་ཁོང་ཚོའི་ཚོང་ཁང་དང་ཚོགས་སྡེ་མང་པོ་ཞིག་གཏོར་བཅོམ་བྱུང་ཡོད་པའང་ཤེས་རྟོགས་བྱུང་།
སྤྱིར་བོད་མི་དགེ་འདུན་པ་མང་པོ་ཞིག་ངོ་རྒོལ་དང་གྱེན་ལོག་གི་ཉེས་མིང་འོག་བཙོན་འཇུག་བྱེད་ཀྱི་ཡོད་ཀྱང། ང་
ཚོས་སྐད་ཆ་འདྲི་ཡུལ་གྱི་དགེ་འདུན་པ་མང་པོ་ཞིག་གིས་སོ་སོ་གང་དུ་ཡོད་མེད་ཤེས་ཀྱི་མི་འདུག མཐོ་རིམ་དཔོན་
རིགས་ཚོས་བཤད་ཚུལ་ལྟར་ན། ཆབ་སྲིད་བཙོན་པ་ཚོའི་ཉེས་ཆད་དེ་ཁྲིམས་ཞིབ་དབང་འཛིན་པ་དང་འབྲེལ་བ་ཡོད་
པ་ལས། ང་ཚོ་དང་འབྲེལ་བ་མེད་ལུགས་བཤད་ཀྱི་ཡོད་པ་རེད། ང་ཚོའི་དབར་གྱི་མཇལ་མོལ་ཚང་མའི་ནང་ང་ཚོས་
ད་སྐབས་༸གོང་ས་མཆོག་དགུང་གྲངས་ ༧༥ ཕེབས་ཀྱི་ཡོད་དུས། ཏཱ་ལའི་བླ་མའི་མ་འོངས་པའི་མི་ཚེའི་ཐོག་ལ་བསམ་
གཞིགས་ཆེ་རུ་བཏང་སྟེ། ད་སྐབས་རྒྱ་བོད་གཉིས་མོས་ཀྱི་ཞི་འགྲིག་ཡོང་བའི་ལམ་བུ་གསར་པ་ཞིག་འཚོལ་ཐབས་བྱ་
རྒྱུར་འབད་དགོས་པ་ལས་དུས་ཚོད་ཕྱི་བཤོལ་བྱས་པས་མི་ཕན་པ་མ་ཟད། འདས་པའི་རྒྱ་བོད་སྐུ་ཚབ་ཚོའི་འབྲེལ་མོལ་
ཐེངས་བརྒྱད་ལྷག་ལ་གཉིས་མོས་དོན་སྨིན་ལྡན་པའི་གྲུབ་འབྲས་ཤིག་ཡོང་མེད་པ་རེད་ཅེས་ནན་སྐུལ་བྱས་པ་ཡིན། རྒྱ་
ནག་གཞུང་ཕྱོགས་ནས་ད་བར་ཏཱ་ལའི་བླ་མས་བོད་རང་བཙན་རྩོད་ཀྱི་ཡོད་པར་བཤད་ཀྱིན་ཡོད་པ་ལས། ཁོང་གི་ཆེས་
མཐོའི་མི་རིགས་ས་གནས་རང་སྐྱོང་གི་ཐག་གཅོད་ལ་བསམ་བློ་གཏོང་གི་མེད་པ་རེད། དེ་འདྲ་ཡིན་དུས་དྲང་པོར་
བཤད་ན། ཕྱོགས་གཉིས་པོའི་དབར་ལ་ཡིད་ཆེས་དང་ཡིད་རྟོན་མེད་པའི་རྒྱུ་མཚན་ཉག་ཅིག་ལས། ད་བར་ཡར་རྒྱས་ཀྱི་
རྣམ་པ་ཅི་ཡང་ཐོན་མེད་པ་རེད། ངས་པེ་ཅིང་གི་མཐའ་མའི་མཇལ་འཕྲད་ཉིན། བོད་ནང་གི་གནད་དོན་མཐའ་དག་
སྡེ་ཚན་ ༣ དུ་ཕྱོགས་བསྡེབས་ཀྱིས། དམིགས་ཡུལ་དེ་གསུམ་དུ་རྒྱ་བོད་དབར་གྲོས་བསྡུར་བྱ་དགོས་པར་བསམ་ཚུལ་བཏོན་
པ་ཡིན།
དང་པོ། བོད་དེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་སྐྱོང་ས་ཁུལ་གྱི་མངའ་ཁོངས་སུ་ཡོད་པར་ངོས་ལེན་བྱ་
དགོས་པ།
གཉིས་པ། བོད་ནང་གི་གྲངས་ཉུང་མི་རིགས་ཚོ་དང་ལྷག་པར་རྒྱ་ནག་གཞུང་ཕྱོགས་ཀྱི་དབར་ལ་ནང་ཁུལ་རྩོད་རྙོག་
མེད་པའི་ཐོག གཏོར་བཅོམ་གྱིས་མཚོན་པའི་དྲག་སྤྱོད་ཀྱི་ལས་འགུལ་མི་སྤེལ་བའི་ཐབས་ལ་འབད་རྒྱུ།
གསུམ་པ། ༧གོང་ས་མཆོག་ཕྱིར་བོད་དུ་གདན་ཞུ་བྱ་ཐབས་བཅས་གསུམ་ཡིན།
གྲོས་མོལ་ཡག་པོ་ཡོང་དང་མི་ཡོང་ཞེས་པ་ནི་དམིགས་ཡུལ་དེ་དག་ལ་ཡར་རྒྱས་ཀྱི་རྣམ་པ་ཡོད་མེད་རེད། ད་བར་ཁོང་
ཚོས་བོད་ཀྱི་གནད་དོན་དེ་རྒྱ་ནག་གི་ནང་སྲིད་གནད་དོན་ཞིག་ཡིན་པར་བཤད་ཀྱིན་ཡོད་པ་རེད། དེ་ཡིན་སྲིད་ཀྱང་
གནད་དོན་དེ་རིགས་ཞི་འགྲིག་ཡོང་སླད་ལ་ཕྱིའི་རྒྱལ་ཁབ་ཁག་གི་རོགས་སྐྱོར་དགོས་པ་ནི་བསྙོན་མེད་རེད། རྒྱ་རིགས་
དཔོན་རིགས་ཚོས་ང་ཚོའི་སྐད་ཆའི་ལན་འདེབས་ཀྱི་ཚུལ་དུ། འཛུམ་དང་བཅས་ཏེ་དེའི་རྒྱུ་མཚན་གཙོ་བོ་ནི་ཁྱེད་ཚོ་
མི་རིགས་གཞན་གྱི་གནད་དོན་ལ་སེམས་འཚབ་ཆེ་བའི་རྐྱེན་གྱིས་རེད་ཅེས་བཤད་ཀྱི་ཡོད་པ་རེད། ང་ཚོས་ད་སྐབས་
རྒྱ་ནག་སྐམ་ས་ཆེན་པོ་དེ་དཔལ་འབྱོར་གྱི་ཆ་ནས་ཡར་རྒྱས་དང། རྒྱལ་ཁབ་གཞན་ལ་ཆེས་དགོས་མཁོ་ཆེ་བ་ཞིག་ཡིན་
རུང། རང་རྒྱལ་ཁབ་ཀྱི་མཚན་སྙན་གོང་མཐོར་གཏོང་རྒྱུར་ངེས་པར་དུ་ཆབ་སྲིད་དང་འབྲེལ་བ་མེད་པའི་ཐོག་ནས།
༧གོང་ས་མཆོག་བོད་ལ་གདན་འབོད་དང་། བོད་མི་ཚོའི་མངོན་འདོད་སྐོང་ཐུབ་པ་ཞིག་བྱེད་དགོས་གལ་ཆེ་པོ་ཡིན།
དེ་འདྲ་ཡིན་དུས། ཕྱོགས་གཉིས་པོའི་བར་ཡིད་ཆེས་དང་གནད་དོན་ཞི་འགྲིག་ཡོང་བར། རྒྱལ་ཁབ་གཞན་གྱི་རོགས་
སྐྱོར་ལ་ངེས་ལེན་བྱ་དགོས་རྒྱུ་དེ་གལ་འགངས་ཆེན་པོ་རེད་ཅེས་ཞུས་ཚུལ་གསུངས་ཡོད་པ་རེད།
———
Back

