དུས་ཆེན་ལ་ངོ་རྒོལ།
འཛམ་གླིང་གང་ས་ནས་རྒྱ་དམར་གྱི་དུས་ཆེན་ལ་ངོ་རྒོལ།
ཕྱི་ཟླ་༡༠ ཚེས་༡ ཉིན་ཧོང་ཀོང་གི་གྲོང་ཁྱེར་ལྟེ་གནས་སུ་མི་ཉིས་བརྒྱ་ཙམ་གྱིས། ང་ཚོར་འགྲོ་བ་མིའི་ཐོབ་ཐང་དགོས།
རྒྱ་ནག་གིས་འཚོག་པའི་རྒྱལ་སྟོན་དུས་ཆེན་དེ་མི་དགོས་ཞེས་འབོད་ཚིག་བསྒྲགས་ཡོད་པ་རེད། ཕྱི་ལོ་༡༩༨༩ ལོའི་ཟླ་
༦ ཚེས་༤ ཉིན་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་མང་གཙོའི་ཡར་ལངས་ཀྱི་ངོ་རྒོལ་བར་རྒྱ་གཞུང་གིས་དམར་
གསོད་བྱས་པའི་དྲན་བྱང་ལག་ཏུ་ཁྱེར་ནས་ངོ་རྒོལ་བྱས་ཡོད་པ་མ་ཟད། དེ་སྔ་རྒྱ་དམར་གྱིས་དམར་གསོད་བྱས་པ་རྣམས་
མཚོན་བྱེད་དུ་པུར་སྒམ་ཁྱེར་ནས་སྐད་འབོད་བྱས་ཡོད་འདུག
རྒྱ་ནག་གི་སྐུ་ཚབ་ལས་ཁུངས་མདུན་དུ་ངོ་རྒོལ་བ་དང་། ཉེན་རྟོག་པའི་བར་འཛིང་རེས་ཀྱང་ཕྲན་བུ་ཤོར་ཡོད་པ་རེད།
གཞན་ཡང་ཧྥ་ལུང་ཀུང་ཆོས་འཁོར་སྒོམ་སྒྲུབ་པ་རྣམས་ཀྱིས་ངག་བཅད་ངོ་རྒོལ་གྱིས་ལག་ཏུ་འཕྲེད་དར་འཁྱེར་ནས།
དེའི་ཐོག་ཏུ་རྒྱ་ནག་དམར་ཤོག་གཞུང་ཁུ་བསྡུ་བྱེད་དགོས་པ་དང་། དམར་པོའི་འཇིགས་སྐུལ་ལས་ཐར་བ་བྱེད་དགོས་
སྐོར་བཀོད་ཡོད་འདུག དེ་བཞིན་ཨ་རི་དང་། དབྱིན་ཇི། བལ་ཡུལ། རྒྱ་གར། སུད་སི་སོགས་བོད་པ་དང་བོད་དོན་རྒྱབ་
སྐྱོར་བ་གནས་སྡོད་ཀྱི་ས་ཆ་གང་ས་ནས་རྒྱ་ནག་དམར་པོའི་གཞུང་བཙུགས་ནས། ལོ་ངོ་དྲུག་ཅུ་འཁོར་བའི་དུས་ཆེན་
ཟེར་བ་དེ་ལ་ངོས་ལེན་མེད་པ་དང་། མི་འདོད་པའི་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་རེད།།
———
Back

