དགག་སྒྲུབ་བགྲོ་གླེང

2009-11-04 20:59

རང་སྲིད་རང་སྐྱོང་སྐོར་ལ་དགག་སྒྲུབ་བགྲོ་གླེང།

ཟླ་༡༠ ཚེས་༣༡ ཉིན་གྱི་ཞོགས་པ་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་གོ་སྒྲིག་འོག་རྒྱ་གར་ལྷོ་ཕྱོགས་

བྷེལ་ཀོབ་བོད་ཁྱིམ་བདེ་སྐྱིད་ཚེ་རིང་ཚོགས་ཁང་དུ།      བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་

ཐབས་ཀྱི་བསམ་འཆར་ཡིག་ཆས་གཙོས་དབུ་མའི་ལམ་གྱི་གལ་ཆེའི་རྩ་འཛིན་ཡིག་ཆ་ཁག་ལ་དགག་སྒྲུབ་ཀྱི་བགྲོ་གླེང

་ཞིག་འཚོགས་ཡོད་པ་རེད།


བྷེལ་ཀོབ་ལུགས་བསམ་ས་གནས་མགོ་འཛིན་དགྲ་འདུལ་ལགས་ཀྱིས་སྒྲུབ་ཕྱོགས་ཀྱི་གཏམ་བཤད་བྱེད་སྐབས།དང་

པོ་བོད་མིའི་ཆབ་སྲིད་འཕོ་འགྱུར་གྱི་བརྒྱུད་རིམ་དང་འབྲེལ་རང་བཙན་བློས་གཏོང་བྱས་ཤིང༌། བོད་ཀྱི་ཁོར་ཡུག་དང།

མི་རིགས་རིག་གཞུང་སོགས་ཛ་དྲག་གི་གནས་བབས་ལ་གཟིགས་ནས་འཐབ་རྩོད་བྱེད་ཕྱོགས་ཤིག་ཡིན་པ་རེད་ཅེས་

གསུངས་སོང།
དེ་རྗེས་དགག་ཕྱོགས་གཏམ་བཤད་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་
ཀྱིས་

བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་མིན་ནི་པེ་ཅིང་ནས་གང་བྱས་རེད་མ་གཏོགས། ཡིག་ཆ་

དང་རྩ་ཁྲིམས་ནང་དུ་གང་ཡོད་མེད་ལ་ཐུག་ཡོད་པ་མ་རེད་ཅེས་གསུངས་སོང། ད་དུང་ཁོང་གིས་མུ་མཐུད་དུ་གསུང

་དོན།ང་རང་ཚོས་གང་བྱས་པ་ཚང་མ་རྒྱ་ནག་གིས་རྩིས་མེད་གཏོང་གི་ཡོད་པ་རེད། ཁོ་རང་ཚོའི་ཁྲིམས་ཀྱང་རྩིས་

མེད་གཏོང་གི་ཡོད་རེད། ཁོ་རང་ཚོས་གང་བྱས་བྱས་རེད། དེ་རིང་འདི་ཁྲིམས་རེད་ཟེར་ན་འགྲིག་གི་རེད།  སང་ཉིན་

ཁོ་རང་ཚོའི་དགོས་མཁོ་དང་དམིགས་ཡུལ་འགྲུབ་ཀྱི་མེད་ན་དེ་མ་རེད་ཡར་བསྡུས་ཤོག་ལབ་ན་འགྲིག་པ་རེད་

ཅེས་བོད་པས་དགོས་འདུན་དང་རེ་བ་གང་བྱས་ཀྱང་གཙོ་བོ་པེ་ཅིང་གཞུང་འཛིན་པའི་ལག་པར་ཡོད་པ་དང།

རྒྱལ་སྤྱི་དང་རྒྱ་ནག་བཅས་ཀྱིས་རྩིས་མེད་གཏོང་གི་ཡོད་པར་བརྟེན། འགྲུབ་ཐབས་མེད་པ་ཞིག་ཡིན་སྐོར་བརྗོད་དེ་

དགག་པ་བརྒྱབ་ཡོད་པ་རེད།
བགྲོ་གླེང་གོ་སྒྲིག་པའི་གསལ་བསྒྲགས་ནང་དུ་རྒྱ་བོད་དབར་གྱི་འཐབ་རྩོད་འདི་དུས་ཡུན་རིང་པོའི་བར་གནས་

དགོས་པ་ཆགས་སྲིད་པས་བོད་མི་མང་གི་ངོས་ནས་དེའི་ཐད་ཆབ་སྲིད་གོ་རྟོགས་ཀྱི་ལས་དོན་གནད་སྨིན་སྤེལ་རྒྱུ་

སོགས་གྲ་སྒྲིག་ཚགས་ཚུད་ངེས་པར་བྱེད་དགོས་པ་ནི་འདོར་ཐབས་མེད་པའི་ལས་འགན་ཞིག་ཡིན་ལ། མ་འོངས་

པའི་ལོ་ཟླའི་ནང་འདས་པའི་ལོ་རྒྱུས་དང༌། ད་ལྟའི་གནས་སྟངས་གཞི་ལ་བཞག་པའི་ཐོག་ནས་བོད་མི་མང་ཚོགས་

ལ་མང་ཚོགས་ཀྱི་དམིགས་འདུན་ལངས་ཕྱོགས་ཡོད་དགོས་པ་བོད་ཀྱི་རྩ་དོན་མཐའ་མའི་ཐག་གཅོད་བྱེད་པར་

མེད་དུ་མི་རུང་བ་ཞིག་ཡིན་པ་ནན་བརྗོད་བྱེད་ཀྱི་ཡོད་ཅེས་སོགས་འཁོད་ཡོད་པ་རེད།།
མེ་སོར་གསར་འགོད་པས།

Back

Search site

© 2009 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

How to make a free website :: Webnode

དཀོན་མཆོག་བོད་རང་བཙན་དྲ་ཚིགས།