ཏཱ་ལའི་བླ་མའི་ཚ་མོ་

2009-11-05 19:33

ཏཱ་ལའི་བླ་མའི་ཚ་མོ་ཞིག་ཏང་ལ་ཞུགས་པ།

བོད་ཀྱི་དུས་བབ།
བཅིངས་འགྲོལ་དམག་མི་ཡིན་པའི་ཏཱ་ལའི་བླ་མའི་ཚ་མོ་ཞིག་གིས་རང་ཉིད་ད་ལོར་གུང་ཁྲན་ཏང་ལ་ཞུགས་ཡོད་

ཚུལ་ཞིན་ཧྭ་གསར་ཁང་ལ་བཤད་འདུག་པ་མ་ཟད། ཁོ་མོས་ཏཱ་ལའི་བླ་མ་མཆོག་ཕྱིར་རང་གི་ཕ་ཡུལ་ལ་ཕེབས་རྒྱུར་

རེ་བ་གནང་གི་ཡོད་ཚུལ་ཀྱང་བཤད་འདུག
ང་རང་ཏང་ནང་ལ་ཞུགས་པར་སྤོབས་པ་ཆེན་པོ་བྱུང་།  ཅེས་རང་ལོ་ ༣༥ སོན་པའི་བདེ་ཡངས་སྒྲོལ་མས་བཤད་

འདུག་ལ། ཁོ་མོ་དེང་སྐབས་མི་དམངས་བཅིངས་འགྲོལ་དམག་མི་ཞིག་ཡིན་འདུག ཁོ་མོས་ལོ་འདིའི་ཕྱི་ཟླ་ ༦ པའི་

ཚེས་ ༢༦ ཉིན་གུང་ཁྲན་ཏང་ནང་ལ་ཞུགས་པའི་དམ་འབུལ་བྱས་འདུག
ངས་ཏང་ནང་ལ་ཞུགས་པར་དམ་འབུལ་བྱས་སྐབས་ངའི་མིག་གཉིས་མཆི་མས་ཁེངས་སོང་། ངས་རང་ཉིད་འཛམ་

གླིང་ནང་གི་མི་སྐྱིད་ཤོས་དེ་ཡིན་པར་ཚོར་བྱུང་། ཞེས་ཁོ་མོས་སྐབས་དེའི་ཚོར་སྣང་ཡང་བཤད་འདུག

ངའི་རྨོ་རྨོ་བློ་གསལ་སྐྱིད་ནི་ཏཱ་ལའི་བླ་མའི་སྤུན་ཉེ་ཞིག་ཡིན། ཏཱ་ལའི་བླ་མ་ ༡༩༥༩ ལོར་བྲོས་བྱོལ་ལ་ཕེབས་སྐབས་

ཁོང་གིས་ངའི་རྨོ་རྨོ་དང་མོའི་ཁྱིམ་མི་ཚོ་ཁོང་དང་མཉམ་དུ་འབྲོ་རྒྱུའི་རེ་བསྐུལ་བྱས་ཀྱང་ངའི་རྨོ་རྨོས་ཉན་ཡོད་པ་

མ་རེད། ཅེས་བཤད་འདུག
ཡང་བདེ་ཡངས་སྒྲོལ་མས་མོ་རང་ཏང་ལ་ཞུགས་རྒྱུའི་སྙན་ཞུ་ཐེངས་དང་པོ་དེ་ ༡༩༩༥ ལོར་བྲིས་པ་དང་ཐེངས་གཉིས་

པ་དེ་ ༡༩༩༨ ལོར་བྲིས་འདུག་ཀྱང་། ཁོ་མོ་དང་ཏཱ་ལའི་བླ་མའི་བར་གྱི་དམིགས་བསལ་གྱི་འབྲེལ་བ་དེ་ལ་བརྟེན་ནས་

ད་བར་དུ་ཏང་ནང་ལ་ཞུགས་རྒྱུར་ཆོག་མཆན་སྤྲད་མེད་ཚུལ་ཡང་མོས་བཤད་ཡོད་པ་རེད། ཡིན་ཡང་། ཁོ་མོས་རང་

ཉིད་ནི་གུང་ཁྲན་ཏང་ཡོན་གྱི་རྣལ་མ་ཞིག་ཡིན་ཆོག་པའི་ཚོར་སྣང་ལ་བརྟེན་ན་ནིང་དང་ད་ལོ་གཉིས་ཀར་བསྐྱར་དུ་

སྙན་ཞུ་གཉིས་ཕུལ་བར་བརྟེན་ངོས་ལེན་བྱས་སོང་ཟེར།
བདེ་ཡངས་སྒྲོལ་མ་ནི་ ༡༩༩༣ ལོར་མཐོ་རིམ་སློབ་གྲྭ་མཐར་ཕྱིན་ཞིང་། མོའི་ནང་མི་ཚོས་མོ་རང་ཕྱི་རྒྱལ་ལ་སློབ་གཉེར་

བྱེད་པར་གཏོང་རྒྱུའི་གོ་སྐབས་ཤིག་སྤྲད་ཀྱང་ཁོ་མོས་ཆུང་དུས་ཀྱི་རྨི་ལམ་ལྟར་མི་དམངས་བཅིངས་འགྲོལ་དམག་གི་

ནང་དུ་ཞུགས་པ་རེད་ཟེར།
ཁོ་མོས་བཤད་དོན། ང་རང་ཆུང་དུས་སུ་ནམ་རྒྱུན་བཅིངས་འགྲོལ་དམག་གི་སྨན་པ་ཚོ་བོད་ཀྱི་འབྲོག་ཁུལ་ལ་མང་པོ་

བསྐྱོད་དེ་བོད་རིགས་ནད་པ་ཚོར་སྨན་བཅོས་བྱེད་ཀྱིན་པའི་དཀའ་ཁག་དེ་ཚོ་མཐོང་མྱོང་། ང་རང་ལ་སེམས་འགུལ་

ཆེན་པོ་ཐེབས་ཤིང་དེ་དས་བཟུང་སོ་སོ་རྗེས་མ་བཅིངས་འགྲོལ་དམག་མི་ཞིག་བྱེད་རྒྱུའི་སེམས་ཐག་བཅད་པ་ཡིན་ཟེར།

བདེ་ཡངས་སྒྲོལ་མསབཤད་པ་ལྟར་ན། ཁོ་མོའི་ནང་མི་ཚོས་ད་ལྟ་ཡང་ཧོང་ཀོང་ན་ཡོད་པའི་ཏཱ་ལའི་བླ་མའི་སྐུ་སྤུན་

ཞིག་ལ་འབྲེལ་བ་བྱེད་ཀྱིན་ཡོད་ལ། ཁོ་མོའི་པ་ལགས་ཀྱིས་ ༡༩༨༩ ལོ་དང་ ༡༩༩༣ ལོར་རྒྱ་གར་དུ་བསྐྱོད་དེ་ཏཱ་ལའི་

བླ་མར་མཇལ་མྱོང་ཚུལ་ཡང་བཤད་འདུག
མོས་བཤད་དོན། ཏཱ་ལའི་བླ་མ་དགུང་ལོ་ ༥ ཡིན་དུས་སོ་སོའི་ཕ་ཡུལ་མཚོ་སྔོན་དང་ཁ་བྲལ་བ་རེད། དེའི་རྗེས་ནས་

དགུང་ལོ་ ༡༨ ཡིན་དུས་ཤིག་ལ་ཐེངས་ཤིག་ཕྱིར་ཕ་ཡུལ་ལ་ཕེབས་མྱོང་བ་རེད། ད་སྐབས་ཁོང་ཉིད་རྒན་པོ་ཆགས་

ཡོད་པ་རེད། མི་རྒན་པ་ཚོས་སོ་སོའི་ཕ་ཡུལ་དྲན་གི་རེད། ངས་ཁོང་ཉིད་སོ་སོའི་ཕ་ཡུལ་ལ་གཟིགས་སྐོར་གནང་བར་

ཕེབས་རྒྱུར་རེ་བ་དང་སྨོན་ལམ་རྒྱག་གིན་ཡོད་ཟེར།

Back

Search site

© 2009 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

Build a family website :: Webnode

དཀོན་མཆོག་བོད་རང་བཙན་དྲ་ཚིགས།