ངྷ་སའི་སྐུ་མགྲོན།

2009-07-01 12:58

ངྷ་སའི་སྐུ་མགྲོན།

ཨོ་སི་ཊོ་ལ་ཡའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་དེ་རིང་ནས་བཟུང་ཉིན་དྲུག་རིང་བཞུགས་སྒར་དུ་གཟིགས་སྐོར་

ལ་ཕེབས་ཡོད་པ་རེད།  བཙན་བྱོལ་བོད་གཞུང་གི་གསར་འགོད་འབྲེལ་མཐུད་པ་བློ་བཟང་ཆོས་གྲགས་ཀྱིས་བརྗོད་པ་

ལྟར་ན། ཨོ་སི་ཊཔ་ལི་ཡའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ ༦ ཐེངས་འདིར་ངྷ་སར་ཕེབས་ཡོད་

ལ། ཁོང་ཚོས་༧གོང་ས་མཆོག་ལ་མཇལ་འཕྲད་དང་བཙན་བྱོལ་བོད་གཞུང་གི་གནད་ཡོད་མི་སྣ་དག་ལ་མཇལ་འཕྲད་

གནང་རྒྱུ་རེད། ཕྱི་ཚེས་ ༣ གྱི་ཉིན་རྒྱབ་དུས་ཚོད་ ༢།༣༠ སྟེང་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་གོ་སྒྲིག་འོག ཁོང་ཚོས་

གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་གསར་འགོད་པ་རྣམས་ལ་ཐུག་འཕྲད་གནང་རྒྱུ་རེད།

གནས་ཚུལ་ཤེས་གསལ་ལྟར་ན། སྐུ་ཚབ་འདི་དག་གི་ལྷན་དུ་ཨོ་སི་ཊོ་ལི་ཡའི་ཁྲིམས་རྩོད་པ་དང་། གསར་འགོད་པ། ལས་

འགུལ་བ་བཅས་མི་སྣ་སྐོར་ཞིག་ཀྱང་ཡོད་འདུག    ཁོང་ཚོ་འདིར་ཕེབས་ནས་བོད་གཞུང་གི་འབྲེལ་ཡོད་མི་སྣར་མཇལ་

འཕྲད་དང་མཉམ་དུ། ཆབ་སྲིད་བཙོན་ཟུར་དང་། བོད་ནས་གསར་དུ་བཙན་བྱོལ་ལ་འབྱོར་མཁན་ཚོར་ཡང་ཐུག་འཕྲད་

གནང་རྒྱུ་ཡིན་འདུག

Back

Search site

© 2009 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

Free groups website :: Webnode

དཀོན་མཆོག་བོད་རང་བཙན་དྲ་ཚིགས།