ངོ་རྒོལ་མུ་མཐུད
ཁམས་ཏྲེ་ཧོར་ཁུལ་དུ་ཞི་བའི་ངོ་རྒོལ་མུ་མཐུད་བྱེད་བཞིན་པ།
འདས་ལོ་བོད་མིའི་རང་དབང་སྒེར་ལངས་ཐེངས་༤༩ པའི་ཐོག་བོད་ཀྱི་རྒྱལ་ས་ལྷ་ས་རུ་སེ་འབྲས་
གཉིས་ཀྱི་དགེ་འདུན་པས་སྣེ་འཁྲིད་ཅིང༌། དྲག་པོའི་དམག་དཔུང་གི་གོ་མཚོན་གྱི་སོ་ཁ་ནས་རང་
སྲོག་བློས་གཏོང་གིས་རྒྱ་ནག་སྲིད་གཞུང་ལ་ཞི་བའི་ངོ་རྒོལ་ཡར་ལངས་བྱས་ཏེ་རིམ་བཞིན་མདོ་
དབུས་ཁམས་གསུམ་གྱི་གྲོང་དང༌། གྲོང་ཁྱེར། གྲོང་གསེབ། ཞིང་འབྲོག་ཁུལ། དགོན་སྡེ་གྲྭ་ཚང༌། སློབ་གྲྭ་དང་སློབ་ཆེན་སོགས་བོད་ཁྱོན་ཡོངས་ནས་སྤུན་ཟླ་ཁྲི་ཚོ་དུ་མ་ཡར་ལངས་ཀྱིས། རྒྱ་
གཞུང་ལ་ཞི་རྒོལ་གྱི་ལས་འགུལ་གང་མང་ཞིག་སྤེལ་ཡོད་པ་ལྟར། འདི་ལོར་ཡང་གཞིས་ལུས་
བོད་མི་ཚོས་བོད་རང་བཙན་གྱི་རྒྱལ་ཁའི་ཁྲོད་ྋགོང་ས་མཆོག་ཕོ་བྲང་པོ་ཏཱ་ལར་གདན་འདྲེན་
ཞུ་རྒྱུའི་སྙིང་སྟོབས་དང་སེམས་ཤུགས་ཞུམ་པ་མེད་པའི་ཐོག རྒྱ་ནག་སྲིད་གཞུང་ལ་ཞི་བའི་ངོ་
རྒོལ་བྱས་དང་བྱེད་བཞིན་པ་ལྟར། མདོ་ཁམས་ཏྲེ་ཧོར་དཀར་མཛེས་ཁུལ་མི་མང་རྣམས་ཀྱིས་
ྋགོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་ཆེད་དུ། དཀར་མཛེས་རྫོང་
ཁོངས་གྲོང་སྡེ་༨༠ ལྷག་གིས་རིམ་ཅན་དུ་ཟླ་བ་གཉིས་ཙམ་གྱི་རིང་ལ་མ་ཎི་དང༌། སྒྲོལ་མ་
གྲངས་གསོག་བྱས་ཡོད་འདུག དེའི་སྐབས་མ་ཎི་གྲངས་ཀ་རོབ་རྩིས་དུང་ཕྱུར་༣༠ ལས་མ་ཉུང་
བ་གྲངས་གསོག་དང་སྔོན་གྱི་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་ཞི་རྒོལ་གྱི་རྣམ་པ་གསར་པ་ཞིག་
སྤེལ་ཡོད་པ་རེད། དེ་ཡང་ད་ལྟའི་ཆར་བོད་ནང་སོ་ནམ་འདེབས་ལས་ཀྱི་དུས་ཚོད་ངེས་ཅན་
ཞིག་ལ་སླེབས་ཡོད་རུང༌། དཀར་མཛེས་ཁུལ་བོད་མི་ཁྲི་ཕྲག་མང་པོས་རྡོག་རྩ་གཅིག་སྒྲིལ་གྱིས་
རྒྱ་གཞུང་ལ་ཞི་རྒོལ་ཆེད་རང་སྲོག་ལ་འཛེམས་མེད་དུ་འཚོ་བ་བློས་བཏང་གིས་ཞིང་ལས་མ་བྱས་
པ་མ་ཟད། ལོ་འདྀའི་ལོ་གསར་ཚུན་ཆད་ཏྲེ་ཧོར་ཁུལ་དུ་ཉུང་མཐར་ཞི་རྒོལ་ཐེངས་༣༨ ལྷག་དང༌།
བཙོན་འཇུག་བྱས་པ་མི་གྲངས་༡༠༠ ལྷག་ད་ལྟ་བཙོན་འོག་ཏུ་མི་སྤྱོད་ལས་འདས་པའི་སྡུག་བསྔལ་
མྱོང་བཞིན་ཡོད་པ་དང༌། ད་དུང་ཡང་ཞིང་ལས་མི་བྱེད་པའི་ལས་འགུལ་དེ་མུ་མཐུད་འགྲོ་བཞིན་
ཡོད་སྟབས་ཕྱི་ཟླ་༣ ཚེས་༢༥ ཉིན་རང་ལོ་༢༧ ཡིན་པ་བྲག་མགོ་དགོན་གྱི་གྲྭ་ཕུན་ཚོགས་རབ་བརྟན་
ནས་ཞིང་ལས་བྱེད་རྒྱུ་མེད་ལུགས་དང་རྒྱ་ནག་གཞུང་གི་སྲིད་བྱུས་ལ་མོས་མཐུན་མེད་པ་སོགས་ཀྱི་
ཡིག་ཆ་སྦྱར་འགྲེམས་བྱས་པར་བརྟེན། གྲྭ་ཕུན་ཚོགས་རབ་བརྟན་ཉེན་རྟོག་འཛིན་བཟུང་སྐབས་ཉེས་
རྡུང་ཚད་མེད་བཏང་བའི་རྐྱེན་གྱིས་ཉིན་དེ་རང་ལ་འདས་གྲོངས་སུ་སོང༌། ས་གནས་མི་མང་རྣམས་
ཀྱིས་ངོ་རྒོལ་ཤུགས་ཆེན་བྱས་པས་མི་གྲངས་བཅུ་ལྷག་ལ་རྨས་སྐྱོན་ཚབས་ཆེ་ཕོག་པའི་ཁར། མི་གྲངས་
༢༠ ལྷག་བཙོན་འཇུག་བྱས་འདུག གཞན་ཡང་དར་རྒྱས་དགེ་ཐོག་འགོ་ཞེས་པའི་གྲོང་སྡེའི་ཕྲུ་གུ་ལོ་
ན་༡༨ མ་སོན་པ་རྣམས་ཀྱིས་ཀྱང་རྒྱ་ནག་སྲིད་གཞུང་ལ་ངོ་རྒོལ་བྱས་པ་དང༌། མདོར་ན་བོད་
ཀྱི་ས་ཕྱོགས་གང་སར་བོད་མི་ཚོས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གནང་བཞིན་པ་རྣམས་ལ་རྒྱ་ནག་གཞུང་
ཕྱོགས་ནས་སུན་གཙེར་ཧ་ཅང་ཆེན་པོ་བཟོ་བཞིན་པ་མ་ཟད། མང་དག་ཅིག་འཛིན་བཟུང་བཙོན་
འཇུག་བྱས་ཏེ་མནར་གཅོད་ཚ་ནན་གཏོང་བཞིན་པ་སོགས་ཛ་དྲག་གི་གནས་སུ་ལྷུང་ཡོད་པ། དཔེར་
ན། མདོ་ཁམས་ཏྲེ་ཧོར་ཕྱོགས་གཅིག་པུ་ནས་འདི་ལོ་ཕྱི་ཟླ་༣ པ་ནས་བཟུང་ད་བར་ཟླ་བ་གཅིག་ཙམ་
གྱི་རིང་འཛིན་བཟུང་བཙོན་འཇུག་བྱས་པ་མི་གྲངས་ཀྱི་མིང་གཞུང་རེའུ་མིག་གཤམ་གསལ་ལྟར་ཡིན། གནས་ཚུལ་མཁོ་སྤྲོད་པ་སེར་བྱེས་ཏྲེ་ཧོར་གྲྭ་པདྨ་ཚེ་དབང༌།
———
Back

