གཟེངས་རྟགས་དུས་དྲན།
གསེར་གྱི་གཟེངས་རྟགས་དུས་དྲན།
ཟླ་འདིའི་ཕྱི་ཚེས་༡༧ ཉིན་གྱི་ཞོགས་པ་ཆུ་ཚོད་༨ ཐོག་འདི་ག་མོན་གྷོ་འདོད་རྒུ་གླིང་དགའ་ཤར་གྲྭ་ཚང་གི་གོ་སྒྲིག་
འོག་༧གོང་ས་མཆོག་ལ་སྔ་ལོ་ཨ་རིས་གཞུང་འབྲེལ་ཐོག་ཆེས་མཐོའི་གསེར་གྱི་གཟེངས་རྟགས་འབུལ་བཞེས་གནང་
བའི་དུས་དྲན་སྲུང་རྩི་ཞུས་པ་སྟབས་བསྟུན་སློབ་མ་གསོ་སྐྱོང་བྱེད་སྟངས་སྐོར་ལ་གསུང་བཤད་གནང་ཡོད་པ་རེད།
དེ་ཡང་ཚོགས་ཐོག་ཏུ་དགའ་ཤར་མཁན་རིན་པོ་ཆེ་བྱང་ཆུབ་ཆོས་ལྡན་ལགས་དང་མོན་གྷོ་ས་གནས་མགོ་འཛིན་
དཔལ་ལྡན་དོན་གྲུབ་ལགས། གྲྭ་ཚང་ཁག་གི་ཕྱག་མཛོད་དང་གྲོང་སྡེ་ཁག་གི་སྤྱི་མི་རྣམས་དང་མི་མང་བཅས་མཉམས་
འཛོམས་ཐོག་ནོར་བུ་རིའི་རྩེར་ཐོག་མར་༧གོང་ས་སྐྱབས་མགོན་མཆོག་གི་སྐུ་དཔར་མཐོང་གྲོལ་ཆེན་མོ་གདན་
འདྲེན་ཞུས་ནས་མཎྜལ་འདེགས་འབུལ་དང་བསང་གསོལ་དར་ལྕོག་བསྒྲེངས་འཛུགས་སོགས་དགའ་སྟོན་རྟེན་འབྲེལ་
གྱི་མཛད་སྒོ་གྲོལ་རྗེས། མོན་གྷོ་འདོད་རྒུ་གླིང་གི་ཤེས་ཡོན་དང་སློབ་གསོ་ཚོགས་ཆུང་གི་གོ་སྒྲིག་འོག་སློབ་ཕྲུག་གི་ཕ་
མ་དང་བོད་དགེ་ལྷན་དུ་ཕྲུ་གུའི་ཀུན་སྤྱོད་དང་ཤེས་ཡོན་ཡར་རྒྱས་གཏོང་ཐབས་ཆེད་ཞེས་པའི་བརྗོད་གཞིའི་ཐོག་
བགྲོ་གླེང་ཞིག་མོན་གྷོ་གཞིས་སྤྱིའི་ཚོགས་ཁང་དུ་འཚོགས་ཡོད་པ་རེད། ཚོགས་ཐོག་ཏུ་ཤེས་ཡོན་སློབ་གསོས་ཚོགས་
ཆུང་གི་ཚོགས་གཙོ་དང་ཚོགས་གཞོན། རྒྱུན་ལས་རྣམ་པ་དེ་བཞིན་མོན་གྷོ་ས་གནས་ཀྱི་སློབ་གྲྭ་ཚོའི་དགེ་རྒན་རྣམ་
པ་དང་མི་མང་བཅས་ཕེབས་ཡོད་པ་རེད། དེ་ཡང་ཐོག་མར་ཤེས་ཡོན་སློབ་གསོའི་ཚོགས་གཙོ་དང་ས་གནས་འགོ་
འཛིན་གཅིག་ལྕོགས་དཔལ་ལྡན་དོན་གྲུབ་དང་ཚོགས་གཞོན་སྟན་པ་ཀྲི་ཀེ། ལམ་སློབ་སྟོན་པ་འཇམ་དབྱངས་དབང་
རྒྱལ་ལགས་བཅས་ནས་རིམ་པའི་ལམ་སྟོན་གསུང་བཤད་གནང་ཡོད་པ་རེད། ད་ལྟའི་བོད་ཕྱི་ནང་གི་གནས་སྟངས་དང་
༧གོང་ས་སྐྱབས་མགོན་རིན་པོ་ཆེ་དགོང་ལོ་ག་ཚོད་ལ་ཕེབས་ཡོད་མེད་བཅས་ཀྱི་ཐོག་ལ་བསམ་བློ་ལེགས་པོ་བཏང་བའི་
ཐོག་བོད་མི་རིགས་ཀྱི་སྐད་དང་ཡུལ་སྲོལ་གོམ་གཤིས་བདག་ཉར་བྱེད་པའི་འོས་འགན་དེ་བོད་མི་སྤྱྀ་བོ་གནམ་བསྟན་
ཡོངས་ལ་ཡོད་པ་ཞིག་རེད་མ་གཏོགས་ལས་ཀྱི་སྣེ་མོ་བ་རེ་ཟུང་ཞིག་ལས་འོས་འགན་མེད་པ་དེ་འདྲ་མ་རེད། དེ་འདྲ་
ཡིན་པས་ང་ཚོ་དགེ་རྒན་དང་ཕ་མའི་སྐབས་བབ་ཀྱི་འོས་འགན་དེ་མ་འོངས་བོད་ཀྱི་སོན་རྩ་བུ་ཕྲུག་འདི་དག་ལ་ཤེས་
ཡོན་སློབ་གསོ་སྤྲོད་ཕྱོགས་དང་སྤྱོད་ལམ་སོགས་གང་ཅིའི་ཐད་ནས་མཐུས་ཤོར་མ་སོང་བ་ཞིག་བྱེད་དགོས་བ་དེ་རེད། དེ་ཡང་ཕྲུ་གུའི་སེམས་ཁམས་དང་བསྟུན་ནས་བོད་རང་ཉིད་ཀྱི་སྐད་དང་ཡི་གེ་ཡུལ་སྲོལ་གོམས་གཤིས་སོགས་ཀྱིས་ནང་
བསྲེ་ལྷད་མེད་པའི་མ་འོངས་བོད་ཀྱི་སོན་རྩ་རྣལ་མ་ཞིག་གསོ་སྐྱོང་བྱེད་རྒྱུ་ནི་ང་ཚོའི་འོས་འགན་ཉག་གཅིག་ཆགས་
ཡོད་པ་རེད།
རང་ནུས་གང་ཡོད་ཀྱི་བོད་མི་རིགས་ཀྱིས་རྩ་དོན་ཐོག་འབད་རྩོན་ལྷོད་མེད་ཀྱི་ཕྱག་ལས་གང་ཐུབ་གནང་རྒྱུ་དང་༧གོང་
ས་སྐྱབས་མགོན་མཆོག་གིས་བཀའ་སློབ་ལམ་སྟོན་འོག་ཤར་བསྐྱོད་བྱེད་རྒྱུར་དམ་བཅའ་སྙིང་བཅིངས་བྱེད་རོགས་ཞེས་
འབོད་སྐུལ་ཞུ་བཞིན་ཡོད་སྐོར་སོགས་གསུང་ཡོད་པ་རེད།
ཉིན་འདིའི་ཉིན་རྒྱབ་ཤེས་ཡོན་སློབ་གསོ་ཚོགས་ཆུང་གིས་བརྗོད་གཞི་དེ་ག་རང་གི་ཐོག་ལ་བགྲོ་གླེང་ཞིག་མོན་གྷོ་ས་
གནས་བུད་མེད་ཚོགས་ཁང་དུ་འཚོགས་ཡོད་པ་དང། ཚོགས་ཐོག་ཏུ་ཤེས་ཡོན་སློབ་གསོའི་ཚོགས་ཆུང་གི་ཚོགས་གཙོ་
དང་ཚོགས་གཞོན་རྒྱུན་ལས་རྣམ་པ་དེ་གཞིན་བུ་གསོ་ཁང་དང་སྔོན་འགྲོའི་སློབ་གྲྭ་ཚོའི་དགེ་རྒན་རྣམ་པ་བཅས་ཕེབས་
ཡོད་པ་རེད། སྐབས་དེར་ང་ཚོའི་མི་རིགས་འདི་འ་ཆད་འུ་ཐུག་ཉག་ཕྲའི་གནས་སྐབས་འདིར་ཁ་ཙམ་མིན་པར་དོན་
དངོས་ཐོག་༧གོང་ས་མཆོག་གིས་ཐུགས་རེ་ཇི་བཞིན་ང་ཚོ་ཚང་མའི་སྒྲུབ་ཐུབ་པའི་རེ་བ་དང་ཡུད་ཆེས་དམ་བཅའ་
ཤུགས་དྲག་བྱེད་དགོས་པ་དང། ལྷག་པར་དུ་དགེ་རྒན་ཚོའི་གླ་ཕོག་མཐོ་དམན་ཙམ་ལ་མི་ལྟ་བར་དུས་རབས་ཀྱི་
འགྲོས་དང་བུ་ཕྲུག་ཚོའི་སེམས་ཁམས་ལ་བསྟུན་པའི་སྒོ་ནས་མ་འོངས་སོན་རྩ་ཚོ་གསོ་སྐྱོང་བྱེད་རྒྱུར་འབོད་སྐུལ་ཞུ་
བཞིན་ཡོད། ཁྱེད་རྣམ་པ་ཚོར་ཐད་གར་འབྲེལ་བ་ཡོད་བསྡད་པ་ཞིག་ཡིན་པས།
༧གོང་ས་མཆོག་ལ་ཨ་རིས་གསེར་གྱི་གཟེངས་རྟགས་འབུལ་བཞེས་ཀྱི་ཉིན་མོ་དང་སྟབས་བསྟུན་ནས་ང་ཚོས་ལྷག་
བསམ་ཟོལ་མེད་ཀྱི་ལས་འཆར་འདི་ལེགས་འགྲུབ་ཡོང་བར་རེ་སྨོན་ཇི་བཞིན་ཕྱར་གྲུ་མཉམ་འདེགས་བྱེད་རྒྱུར་འབོད་
སྐུལ་སྐོར་སོགས་གསུངས་ཡོད་པ་རེད།།
———
Back

