གངས་ཆར་གྱི་གནོད་སྐྱོན་
མངའ་རིས་ཁུལ་དུ་གངས་ཆར་གྱི་གནོད་སྐྱོན་བྱུང་བ།
རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་གིས་པེ་ཅིན་དུ་གནས་ཚུལ་སྤེལ་གསལ་ལྟར་ན། བོད་ནུབ་བྱང་
མངའ་རིས་ས་ཁུལ་དུ་འདས་པའི་མདུན་ཕྲག་གཅིག་རིང་ལ་གངས་ཆར་དྲག་པོ་བབས་ཡོད་པ་དང༌། ཐེངས་འདིའི་
གངས་ཆར་གྱིས་མངའ་རིས་སྤུ་ཧྲེང་རྫོང་ཁོངས་ཀྱི་གྲོང་བརྡལ་ཁག་གི་འགྲིམ་འགྲུལ་སྐྱེལ་འདྲེན་དང་མང་ཚོགས་ཀྱི་
འཚོ་བའི་ཐོན་སྐྱེད་ཐད་གནོད་པ་ངེས་ཅན་བཟོས་ཡོད་འདུག
དེ་ཡང་མངའ་རི་ས་ཁུལ་གྱི་རྒྱ་རིགས་ལས་བྱེད་མི་སྣ་དག་གིས་བརྗོད་པ་ལྟར་ན། རྒྱའི་དྲག་ཆས་ཉེན་རྟོག་དམག་མི་
༦༠ལྷག་གིས་གངས་ཆར་གྱི་དཀའ་ཉེན་འོག་ལྷུང་པའི་སྤུ་ཧྲེང་རྫོང་ཧོར་ཞང་གུང་ཙེ་གྲོང་སྡེའི་དུད་ཚང་༥༣ཡོངས་
ཀྱི་གྲོང་མི་༢༠༠ནས་༢༦༠ཙམ་དང༌། ཕྱུགས་ཟོག་སྟོང་ཕྲག་ལྷག་ཧའོ་འུར་གྲོང་སྡེ་རུ་ཉེན་གཡོལ་གནས་སྤོར་བྱས་
ཡོད་ལ། ད་ལྟའི་འཆར་མི་ཕྱུགས་ཀྱི་ཤི་གོད་གང་ཡང་བྱུང་མེད། ཟེར།
བོད་རང་སྐྱོང་ལྗོངས་ཟེར་བའི་གནམ་གཤིས་ཆེད་ལས་མཁས་པ་ཚོས་ཚོད་དཔག་བྱས་དོན། ཐེངས་འདིའི་གངས་
ཆར་དེ་ཟླ་འདིའི་ཚེས་༡༥ཉིན་བར་རྒྱུན་སྲིང་རྒྱུ་རེད་འདུག
———
Back

