ཁྲོམ་ས་གནས་སྤོ་

2009-06-19 13:41

བོད་པའི་ཁྲོམ་ས་གནས་སྤོ་བྱེད་དགོས་པའི་བཀའ་རྒྱ།

ཟླ་འདིའི་ཚེས་༡༩ ཉིན་རྒྱ་གར་གྱི་དུས་བབ་ཚགས་ཤོག་སྟེང་གནས་ཚུལ་སྤེལ་བར་གཞིགས་ན། ཧི་མ་ཅལ་མངའ་སྡེའི་

ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སིམ་ལ་རུ་ཡོད་པའི་བོད་པའི་ཁྲོམ་ས་ཁག་ཅིག      ཟླ་གྲངས་༢ ཀྱི་ནང་ཚུད་ནས་

གནས་སྤོ་བྱེད་དགོས་པའི་བཀའ་རྒྱ་བཏང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།    དེ་ཡང་རླངས་འཁོར་བབས་

ཚུགས་དང་གཞུང་ལམ་སོགས་ཀྱི་གཡས་གཡོན་དུ་ཁྲོམ་ས་མང་པོ་ཆགས་པ་དང༌།  དེ་བཞིན་ལམ་ཁ་འགའ་རེ་རི་

གཟར་ཆགས་པའི་རྐྱེན་གྱིས་སྐྱེས་དམན་དང་བྱིས་པ་རྣམས་ལ་འགྲོ་ལམ་བདེ་པོ་མེད་པས།   མངའ་སྡེ་གཞུང་གིས་

༢༠༠༨ ཟླ་བ་༦ ཚེས་༢༤ ཉིན་ནས་བོད་པའི་ཁྲོམ་ས་ཁག་གནས་སྤོ་བྱེད་དགོས་པའི་ཁྲིམས་ཐག་བཅད་ཟིན་རུང་ད་

ལྟའི་བར་བཀའ་རྒྱ་བཏང་མེད་པ་རེད།     མངའ་སྡེའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས།  བཀའ་རྒྱ་འདིས་ཚོང་ཁང་

བདག་པོ་རྣམས་ལ་སེམས་འཚབ་བྱེད་དགོས་པའི་གནས་ཚུལ་བྱུང་ཡོད་ཀྱང༌། ང་ཚོའི་ཁྲིམས་ཐག་གཙོ་བོ་དམངས་

ཀྱི་བསམ་འདུན་གཞིར་བཞག་བྱས་ནས་བཅད་པ་ཞིག་རེད་ཅེས་བརྗོད་ཡོད་པ་རེད། འོན་ཀྱང༌།  ཧི་མ་ཅལ་མངའ་

སྡེའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བོད་རིགས་ཁྲོམ་ས་གནས་སྤོ་བྱེད་དགོས་བྱུང་བ་རྣམས་ལ། གང་མགྱོགས་ཁྲོམ་

ས་གཞན་ཞིག་མཁོ་སྤྲོད་བྱེད་འཆར་ཡོད་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་ཡོད་པ་རེད།

Back

Search site

© 2009 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

Free website builder :: Webnode

དཀོན་མཆོག་བོད་རང་བཙན་དྲ་ཚིགས།