སྨར་ཁམས་སུ་ཁྲིམས་ཆད

12/06/2009 09:25

སྨར་ཁམས་རྫོང་གི་བོད་མི་གསུམ་ལ་ཁྲིམས་ཆད་བཏང་བ།

 ༄༅།      །བོད་གཞུང་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། སྤྱི་ལོ་༢༠༠༩་སྤྱི་ཟླ་༦་ཚེས་༡ཉིན་ཆབ་མདོ་ས་

ཁུལ་གྱི་འབྲེལ་ཡོད་ཁྲིམས་ཁང་ཞིག་ནས་བོད་མི་གསུམ་ལ་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་བཏང་ཡོད་

པའི་གནས་ཚུལ་ཐོན་འདུག                སྨར་ཁམས་རྫོང་དུ་ཡོད་པའི་བརྙན་འཕྲིན་ནང་༸རྒྱལ་བ་རིན་པོ་ཆེ་ལ་

མཚན་སྨད་ཞུ་རྒྱུ་མང་དུ་སོང་ཡོད་སྟབས། ༢༠༠༨་ཟླ་༩་ནང་ཁོང་རྣམས་པ་སྨར་ཁམས་རྫོང་དུ་ཡོད་པའི་གཟུགས་

མཐོང་བརྙན་འཕྲིན་འཁྲིད་ཡུལ་གཏོར་སྐྱོན་གཏོང་མཁན་ཡིན་པའི་ཉེས་འཛུགས་ཀྱིས་ལོ་སྔོན་མའི་ཟླ་༡༠་ནང་

འཛིན་བཟུང་བྱས་ཏེ་རང་ལོ་༡༩ སོན་པའི་ངག་དབང་བསྟན་འཛིན་ལ་དུས་བཀག་བཙོན་འཇུག་ལོ་༥ དང་། 

རང་ལོ་༢༡ ལ་སོན་པའི་བསྟན་འཛིོན་ནོར་བུར་དུས་བཀག་བཙོན་འཇུག་ལོ ༥། རང་ལོ་༡༧ ལ་སོན་པའི་བསྟན་

འཛིན་རིན་ཆེན་ལ་དུས་བཀག་བཙོན་འཇུག་ལོ་༢་བཅས་ཀྱི་ཁྲིམས་ཆད་གཏང་ཡོད་པའི་གནས་ཚུལ་དུ།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།