ལྷ་སའི་ངོ་རྒོལ་

11/06/2009 15:03

ལྷ་སའི་ངོ་རྒོལ་སྐབས་བོད་མི་ ༦ འཇུས་པ།

བོད་ཀྱི་དུས་བབ།
ལོ་སྔོན་མའི་ལྷ་སའི་ངོ་རྒོལ་ནས་བཟུང་ལྷ་སར་གཞི་རྒྱ་ཆེ་བའི་ངོ་རྒོལ་ཆེ་ཤོས་དེ་བདུན་ཕྲག་འདིའི་ནང་བྱུང་ཡོད་

ལ། སྐབས་དེར་བོད་མི་ ༦ འཇུས་ཡོད་འདུག

ཧྥ་རན་སི་གསར་སྤེལ་ཁང་གིས་ཧོང་ཀོང་ནས་སྤེལ་བ་ལྟར་ན། ཕྱི་ཚེས་ ༧ ཉིན་ལྷ་སར་བོད་མི་བརྒྱ་སྐོར་ཅིག་གིས་ངོ་

རྒོལ་རྔམ་སྟོན་བྱས་ཡོད་ལ། འབྲེལ་ཡོད་ལས་བྱེད་ཀྱིས་གསར་འགོད་པར་བརྗོད་པ་ལྟར་ན། བོད་མི་དེ་དག་གིས་ཁོང་

ཚོར་ཆོས་ལུགས་དད་མོས་ཀྱི་རང་དབང་དགོས་ཞེས་ཉེན་རྟོག་པར་བཤད་ཡོད་ཚུལ་འདུག

ལྷ་སའི་གྲོང་མི་རྣམས་ཀྱིས་བཤད་པ་ལྟར་ན། དེ་རིང་ཀྱི་ངོ་རྒོལ་འདི་ནི་ལོ་སྔོན་མའི་ཕྱི་ཟླ་གསུམ་པའི་ནང་གི་ངོ་རྒོལ་

རྗེས་ནས་བྱུང་བའི་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེ་ཤོས་དེ་ཡིན་འདུག

སྐབས་དེར་ཉེན་རྟོག་པས་ངོ་རྒོལ་བ་མང་པོ་བཀག་ཉར་བྱས་ཡོད་ལ། དེའི་ནང་གི་གཅིག་གིས་བཤད་དོན། ང་རང་ཕྱི་

ཚེས་ ༧ ནས་ ༡༠ བར་བཀག་ཉར་བྱས་སོང་། རྩ་བའི་ཆ་ནས་འདི་ནི་ངོ་རྒོལ་མ་རེད། བསང་གསོལ་རེད། ཅེས་དང་། ང་

ཚོའི་མང་པོ་ཞིག་བཀག་ཉར་བྱས་སོང་། ཡིན་ཡང་ཁ་པར་བརྒྱུད་ནས་ཞིབ་ཕྲའི་གནས་ཚུལ་བཤད་ཐུབ་གི་མི་འདུག་

ཅེས་བཤད་འདུག
གནས་ཚུལ་ཡོང་ཁུངས་གཞན་ཞིག་གིས་བཤད་དོན། མི་དྲུག་ནི་སྐད་ཆ་འདྲི་བར་ཁྲིད་སོང་། ཉིན་གསུམ་གྱི་རྗེས་ནས་

མི་ག་ཚོད་ཅིག་གློད་ཡོད་མེད་གསལ་བོ་ཤེས་མ་སོང་ཞེས་བཤད་འདུག

གོང་གསལ་མི་དྲུག་དེ་ནི། སྤེན་རྡོར། སྡེ་དགེ་པདྨ་དྲི་མེད། སྡེ་དགེ་ཕུར་པ། སྡེ་དགེ་སྒྲོལ་སྐྱབས། སྡེ་དགེ་རྡོ་རྗེ་ཚེ་རིང་།

ནང་ཆེན་ཐུབ་པ་བཅས་ཡིན་འདུག
ལྷ་ས་མི་དམངས་ཉེན་རྟོག་ཁང་གི་ལས་བྱེད་ཅིག་གིས་ཁ་པར་བརྒྱུད་བཤད་དོན། མི་སུ་གཅིག་ཀྱག་བཀག་ཉར་བྱས་

མེད། དེ་ནི་ཆོས་ལུགས་ཀྱི་བྱེད་སྒོ་ཞིག་རེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མི་ཚོར་ཆོས་ལུགས་དད་

མོས་ཀྱི་རང་དབང་སྤྲད་ཡོད་པ་རེད་ཅེས་བཤད་འདུག
ཕྱི་ཚེས་ ༧ ཉིན་ནི་ས་ག་ཟླ་བའི་ཉིན་ཡིན་ལ། ཉིན་དེར་ཕཱ་རེ་སིའི་གྲོང་ཁྱེར་གྱིས་༧གོང་ས་མཆོག་ལ་གྲོང་ཁྱེར་དེའི་མི་

སེར་གྱི་མཚན་མཐོང་ཕུལ་ཡོད་པ་རེད།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།