ལས་འགུལ་སྤེལ་བཅུག་མི་ཆོག

10/03/2009 20:05

ཏཱ་ལའི་བླ་མའི་ལས་འགུལ་སྤེལ་བཅུག་མི་ཆོག

བང་ཆེན།

     
 

ཟླ་འདིའི་ཚེས་༧ ཉིན་པེ་ཅིང་དུ་རྒྱ་ནག་ཕྱི་སྲིད་བློན་ཆེན་ཡཱང་ཇིས་ཁྲི་ཟེར་བས་

རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་སྐབས་གསར་འགོད་གསལ་བསྒྲགས་ཤིག་

སྤེལ་བའི་ནང༌། རྒྱ་ནག་དང་མཐུན་འབྲེལ་ཡག་པོ་ཡོད་པ་དང་མཐུན་འབྲེལ་བཟང་

དུ་འགྲོ་བཞིན་པའི་རྒྱལ་ཁབ་ཚང་མས་ྋཏཱ་ལའི་བླ་མ་རྒྱལ་ཁབ་ཁག་ཏུ་གདན་འདྲེན་

ཞུ་མི་ཆོག་ལ། རྒྱ་ནག་དང་ཁ་བྲལ་བོད་རང་བཙན་གྱི་ལས་འགུལ་ཡང་སྤེལ་བཅུག་མི་ཆོག་ཅེས་བརྗོད་འདུག

ད་དུང་ཁོས་ཏཱ་ལའི་བླ་མའི་ཕྱོགས་ནས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཟེར་བ་དེ། རྒྱ་ནག་ས་ཁུལ་གྱི་སུམ་

ཆ་གཅིག་ཟིན་གྱི་ཡོད་པ་དང༌། ཁོང་ཚོའི་དམིགས་ཡུལ་གཙོ་བོ་རྒྱ་ནག་གི་དམག་དཔུང་རྣམས་མཐར་བསྐྲོད་གཏོང་

ཐབས་ཡིན་རུང་བོད་ཀྱི་ས་ཆར་ཡུན་རིང་གནས་སྡོད་བྱས་པའི་བོད་མི་མ་ཡིན་པ་ཚོས་ཐབས་རྩོད་འདི་ལ་ནམ་ཡང་

ངོས་ལེན་བྱེད་ཐབས་མེད་ཅེས་དང༌། ནུབ་ཕྱོགས་རྒྱལ་ཁབ་འཇར་མིན་དང་ཧཕ་རིན་སི་སོགས་ལ་མཚོན་ན། ཁྱེད་

ཚོའི་རྒྱལ་ཁབ་ཀྱི་ས་ཁུལ་གཅིག་ཁ་བྲལ་གཏོང་དགོས་ཟེར་ན། ཁྱེད་ཚོས་ངོས་ལེན་བྱེད་ཐུབ་ས་རེད་དམ་ཞེས་དང༌། ད་དུང་ཁྱེད་ཚོས་ངེས་པར་དུ་སེམས་ལ་འཇོག་དགོས་པ་ཞིག་ནི།   ང་ཚོ་རྒྱ་ནག་གི་ངོས་ནས་འཇར་མིན་ཤར་ནུབ་

གཉིས་གཅིག་བསྒྱུར་བྱས་པར་ག་དུས་ཡིན་ཡང་རྒྱབ་སྐྱོར་གཙང་མ་བྱེད་བཞིན་ཡོད་ལ།   དེ་བཞིན་ང་ཚོ་རྒྱ་ནག་

གཅིག་བསྒྱུར་ལའང་ཁྱེད་ཚོས་ངེས་པར་དུ་རྒྱབ་སྐྱོར་བྱེད་དགོས་ཞེས་

                                           གསར་འགོད་གསལ་བསྒྲགས་སྐབས་བརྗོད་ཡོད་པ་རེད།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།