རྒྱལ་ཁ་ཐོབ་ངེས་

12/06/2009 11:04

ང་ཚོར་ཉིན་ཞིག་རྒྱལ་ཁ་ཐོབ་ངེས།

ཟླ་འདིའི་ཚེས་༡༠ ཉིན་མོན་གྷོ་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་གོ་སྒྲིག་འོག་གདན་ས་དགའ་

འབྲས་གཉིས་ལ་འཐབ་རྩོད་ཀྱི་འགན་ཁུར་དང་མི་མང་གི་དང་བླངས་ཞེས་པའི་བརྗོད་བཞིའི་ཐོག་བོད་རང་བཙན་

འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགསཀྱིས་གསུང་བཤད་གནང་ཡོད་པ་དང༌།  དེ་ཡང་བསྟན་འཛིན་རྩོན་

འགྲུས་ལགས་ཀྱིས་གསུང་དོན། ང་ཚོའི་སོ་སོ་རང་ཉིད་ཀྱི་རྒྱལ་ཁབ་དང་མི་རིགས་ཀྱི་བདག་དབང་ངམ་རང་དབང་།

དྲང་བདེན་དང་དངོས་ཡོད་ར་སྤྲོད་ཀྱི་ཐོག འཚེ་མེད་ཞི་བའི་ལྟ་གྲུབ་གཞིར་བཟུང་གིས་རྩོད་ལེན་བྱེད་ཀྱི་ཡོད་པ་

རེད།  དེར་བརྟེན། ང་ཚོར་ཉིན་ཞིག་ལ་ཏན་ཏན་རྒྱལ་ཁ་ཐོབ་ཡོང་གི་རེད། གང་ཡིན་ཟེར་ན། ད་ལྟ་འཛམ་གླིང་གི་

རྒྱལ་ཁབ་མང་ཆེ་བའི་མི་མང་གི་རྒྱབ་སྐྱོར་ཤུགས་ཆེན་ང་ཚོར་ཐོབ་ཀྱི་ཡོད་པ་རེད། དེ་མ་ཟད་རྒྱ་ནག་མི་མང་གིས་

ཀྱང་ང་ཚོ་ལ་གང་འཚམས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། དེ་འདྲ་ཡིན་དུས། ང་ཚོའི་མི་རེ་ངོ་རེ་ནས་འགན་ཁུར་ནས་

རྡོག་རྩ་གཅིག་སྒྲིལ་དང་དཔུང་པ་མཉམ་གཤིབ་ཀྱིས་བོད་རང་བཙན་འཐབ་རྩོད་དང༌། སྐད་ཡིག་དང་རིག་གཞུང་

སྲུང་སྐྱོབ་བྱེད་རྒྱུ་སོགས་ལ་འབད་བརྩོན་བྱེད་དགོས་པ་རེད། དེ་བཞིན་གདན་ས་ཁག་གི་གྲྭ་བ་ཚོས་ཀྱང་སོ་སོའི་བསླབ་

པ་སློབ་གཉེར་ཡང་དག་པ་ཞིག་བྱེད་རྒྱུ་གཞིར་བཞག་གི་ཐོག འཚམས་འཚམས་ལ་གཞུང་དང་གཞུང་འབྲེལ་མ་ཡིན་

པ་སུས་འཐབ་རྩོད་ཀྱི་ལས་འགུལ་སྤེལ་བ་ཡིན་ན། དེར་གདུང་སེམས་མཉམ་བསྐྱེད་ཀྱི་མཐུན་འགྱུར་རོགས་རམ་གང་

ཐུབ་གནང་རྒྱུ་གལ་ཆེན་པོ་ཡིན་སྐོར་གྱི་གསུང་བཤད་གནང་སོང།
                   མོན་གྷོ་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།