མཚན་མཐོང་ཕུལ་བ།

08/06/2009 09:54

ཕཱ་རེ་སིའི་དམིགས་བསལ་གྲོང་མིའི་མཚན་མཐོང་ཕུལ་བ།

བོད་ཀྱི་དུས་བབ།

རྒྱ་ནག་གཞུངགི་གནོན་ཤུགས་དང་ངོ་རྒོལ་ལ་མ་ལྟོས་པར་༧གོང་ས་མཆོག་ལ་ཕཱ་རེ་སིའི་དམིགས་བསལ་གྲོང་

མིའི་མཚན་མཐོང་འབུལ་བཞེས་ཀྱི་མཛད་སྒོ་དེ་ཕྱི་ཚེས་ ༧ ཉིན་དངོས་སུ་ཚུགས་ཡོད་ལ།

སྐབས་དེར་ཕཱ་རེ་སི་གྲོང་ཁྱེར་ལྗང་ཁུ་ཚོགས་པའི་འཐུས་མི་ཚོས་གྲོང་ཁྱེར་ཉེ་འཁྲིས་སུ་ཡོད་པའི་སོ་སོའི་གཞུང་

ལས་ཁང་གི་སྒེའུ་ཁུང་ནས་༧གོང་ས་མཆོག་གི་སྐུ་པར་དང་རྒྱ་ནག་དམངས་གཙོ་དོན་གཉེར་བ་ཧུའུ་ཅ་ཡི་སྐུ་

དཔར་འགྲེམས་སྟོན་བྱས་ཡོད་པ་མ་ཟད་།    ཧྥ་རན་སིར་གནས་སྡོད་བོད་མི་དང་བོད་གཞུང་དོན་གཅོད་ཁང་

གིས་དགའ་བསུའི་རྟེན་འབྲེལ་མཚོན་ལྷད་དགོང་དྲོའི་འདུ་འཛོམས་ཤིག་གོ་སྒྲིག་གནང་ཡོད།  ཕྱི་ཚེས་ ༧ ཉིན་

གྱི་དགོང་དྲོ་ཆུ་ཚོད་ལྔ་བའི་སྟེང་། ཕཱ་རེ་སིའི་གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་བྷར་ཀྲེན་ཌེལ་ནོ  Bertrand Delanoë  ཡིས་༧གོང་ས་མཆོག་ལ་གྲོང་ཁྱེར་ཕཱ་རེ་སིའི་དམིགས་བསལ་གྲོང་མིའི་མཚན་མཐོང་འབུལ་བཞེས་ཀྱི་མཛད་སྒོ་

དེ་གྲོང་ཁྱེར་སྲིད་གཞུང་ཚོམས་ཁང་ནང་དངོས་སུ་གཙོ་སྐྱོང་གནང་ཡོད་ལ། སྐབས་དེར་ཁོང་གིས་ ༼ གྲོང་ཁྱེར་

ཕཱ་རེ་སིའི་དམིགས་བསལ་གྲོང་མིའི་མཐོང་མཚན་ནི་འཛམ་གླིང་འདིའི་སྒང་ཞི་བདེ་དང་། མཛའ་མཐུན། མཉམ་

གནས་བཅས་ལ་འབད་བརྩོན་གནང་མཁན་ཚོར་འབུལ་སྲོལ་ཡོད་པ་ལྟར། ཕྱི་ལོ་ ༢༠༠༨ ལོའི་དམིགས་བསལ་གྲོང་

མིའི་མཚན་མཐོང་དེ་བོད་མིའི་དབུ་ཁྲིད་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་ལ་སྤྱི་མོས་

ལྟར་འབུལ་གཏན་ཁེལ་ཚར་ཡོད། དེ་ནི་ཁོང་གིས་འཛམ་གླིང་ཞི་བདེ་དང་། དམིགས་བསལ་བོད་རྒྱའི་གནད་དོན་

དེ་འཚེ་བ་མེད་པ་དང་། ཞི་བདེ། མཉམ་གནས་། གཉིས་ཕན་བཅས་ལ་གཞི་བཅོལ་ནས་འབད་བརྩོན་གནང་བར་

དམིགས་པ་ཞིག་ཡིན་ ༽ ཞེས་འགྲེལ་བརྗོད་གནང་ཡོད་ལ། དེ་བཞིན་༧གོང་ས་མཆོག་གིས་མཚན་མཐོང་འབུལ་

བཞེས་སྐབས་གསུངས་དོན་ ༼ ངོས་རང་བོད་མི་དཀྱུས་མ་ཞིག་ཡིན་པའི་ཆ་ནས། དེ་རིང་གྲོང་ཁྱེར་འདིར་དམིགས་

བསལ་གྲོང་ཁྱེར་ཕཱ་རེ་སིའི་གྲོང་མིའི་མཚན་མཐོང་ཐོབ་པར་དགའ་བོ་བྱེདབཞིན་ཡོད།  ད་ལྟ་ད་དུང་ངས་དྲན་

གསོས་པ་ཞིག་ལ། ཕྱི་ལོ་བརྒྱད་ཅུ་གྱ་དགུ་ལོར་ངོས་རང་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་སྐབས་ངོས་རང་

གཅིག་པུ་མ་ཡིན་པར། བོད་ནང་གི་བོད་མི་ཚང་མར་དགའ་སྤྲོ་འཕེལ་ཡོད་པ་མ་ཟད། རྒྱ་མི་མང་པོ་ཞིག་ལའང་

རང་བཞིན་གྱིས་སྤྲོ་པ་འཕེལ་འདུག ཁོང་ཚོས་ང་ལ་རྗེས་སུ་ཡིག་འབྲེལ་གྱི་ལམ་ནས་དགའ་བསུ་གནང་སོང་། དེ་

རིང་འདིར་ངས་འདི་ལྟའི་ཆེ་མཐོང་ཞིག་དང་ལེན་བྱེད་པ་ནི་རྒྱལ་སྤྱི་དང་བོད་ཀྱི་མ་འོངས་པར་ཁ་ཕྱོགས་པ་ཞིག་

ཡིན་ལ། དམིགས་བསལ་བོད་ནང་གི་བོད་མི་དང་རྒྱ་རིགས་ཚོར་ཁ་ཕྱོགས་པ་ཞིག་ཡིན་ ༽ ཞེས་གསུངས་ཡོད།

འདས་ལོ་ཕྱི་ཟླ་ ༣ པའི་ནང་གྲོང་ཁྱེར་འདིའི་འཐུས་མི་ཚོས་སྤྱི་མོས་ཐོག་༧གོང་ས་མཆོག་ལ་མཚན་མཐོང་འདི་

བཞིན་འབུལ་བར་གཏན་འཁེལ་སྐབས།   ཧྥ་རན་སིར་གནས་སྡོད་རྒྱ་ནག་གཞུང་ཚབ་ཀྱི་ངོས་ནས་གྲོང་ཁྱེར་ཕཱ་

རེ་སིའི་འཐུས་མི་ཚང་མར་ངོ་རྒོལ་གྱི་འཕྲིན་ཡིག་རེ་བཏང་ཡོད་པ་མ་ཟད། གཟའ་འཁོར་སྔོན་མའི་ནང་རྒྱ་ནག་

གཞུང་གི་མགྲིན་ཚབ་པས་བོད་ཀྱི་གནད་དོན་ཐད་ཧྥ་རན་སི་མུ་མཐུད་ནས་ནོར་འཁྲུལ་གྱི་ལམ་དུ་མི་འགྲོ་བའི་

འབོད་སྐུལ་ཞུས་ཡོད།                  པར་དེ་ལས་མང་བ་འདིར་གཟིགས་རོགས།

ཡུ་རོབ་གསར་འགོད་པ། ཟླ་བ་ཚེ་རིང་།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།