བལ་ཡུལ་དུ་འཛིན་བཟུང་།

10/03/2009 20:36

བལ་ཡུལ་དུ་བོད་མི་འཛིན་བཟུང༌།

དུས་བབ།

གསུམ་བཅུའི་དུས་དྲན་ཐོན་ལ་ཉེ་བའི་སྐབས་འདིར་བལ་ཡུལ་གཞུང་གིས་བོད་མི་ཚོར་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་དང༌། དོན་མེད་ཁྱིམ་ཚང་ནང་ཡོང་སྟེ་བོད་མི་རྣམས་འཛིན་བཟུང་བྱེད་ཀྱིན་འདུག་ཟེར།

ཕྱི་ཚེས་ ༩ ཉིན་གྱི་ཕྱི་དྲོར་འདི་གའི་གསར་འགོད་པར་བལ་ཡུལ་དུ་གཏན་སྡོད་བྱས་པའི་བོད་མི་ཞིག་གིས་འགྲེལ་བརྗོད་བྱས་པ་ལྟར་ན། ད་ལྟ་བལ་ཡུལ་དུ་བོད་མི་རྣམས་ལ་བལ་ཡུལ་གཞུང་གི་དམག་མི་དང་ཉེན་རྟོག་པས་བཀག་སྡོམ་དང༌། དོན་མེད་འཛིན་བཟུང་བྱེད་ཀྱིན་ཡོད་པ་མ་ཟད། བོད་མི་རྣམས་སྲང་ལམ་དུ་འགྲོ་རུ་འཇུག་གི་མེད་ཅིང༌། ཕྱི་ཚེས་ ༨ ཉིན་གྱི་དགོང་མོར་ཁྱིམ་ཚང་མང་པོའི་ནང་དམག་མི་དང་ཉེན་རྟོག་པ་ཡོང་སྟེ། བོད་མི་ ༢༠༠ ལྷག་འཛིན་བཟུང་གིས་ཁྲིད་ཡོད་པ་དང༌། དེ་ནི་གསུམ་བཅུའི་དུས་དྲན་སྐབས་བོད་མི་ཚོས་ཞི་བའི་ངོ་རྒོལ་བྱ་རྒྱུར་སྐྲག་པ་ཞིག་ཡིན་འདུག་ལ། འགྲེལ་ཡོད་མི་སྣ་དེས་བརྗོད་པ་ལྟར་ན། ང་ཚོར་ཞི་བའི་ངོ་རྒོལ་དང་སྐད་འབོད་ཁྲོམ་སྐོར་བྱེད་མི་འཇུག་ནའང༌། བལ་ཡུལ་མཆོད་རྟེན་ཆེན་མོའི་མཐའ་འཁོར་དུ་འཛོམས་བཅུག་སྟེ། ཞལ་འདོན་རེ་སྐྱོར་དུ་བཅུག་ཀྱང་འགྲིག་མོད། ད་ལྟ་དེ་ཡང་འཇུག་གི་མེད་པར་སྲང་ལམ་དུ་བོད་པ་ཐོན་ཚད་འཛིན་བཟུང་བྱེད་ཀྱིན་འདུག་ལ་བལ་ཡུལ་མཆོད་རྟེན་གྱི་ནང་ལོགས་སུ་དམག་མིས་ཁེངས་འདུག་ཅེས་བརྗོད་སོང༌།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།