ཡིག་བསྒྱུར།
This section is empty.
རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན།
ཚན་རིག་དང་སེམས་དོན་རིག་པས་ང་ཚོའི་འཛམ་གླིང་ལ་ཞབས་ཞུ་སྒྲུབ་ཚུལ།
མིང་། རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན།
ཆེ་ཆུང་། 439 KB
ཕབ་ལེན་གནང་ཡུལ། འདིར་གནོན།
པར་དབང་། བསྟན་འཛིན་རིག་བཟང་ལ་ཡོད།
དེབ་ཆ་ཚང་ངམ། དུམ་བུ་གང་ཞིག་གཞན་གྱིས་པར་སྐྲུན་མི་ཆོག
བོད་ནང་ལ་དམིགས་གསལ་ཡོད།
སྒྱུར་བ་པོའི་ལོ་རྒྱུས་མདོར་བསྡུས།།
བསྟན་འཛིན་རིག་བཟང་ནི་ ༡༩༧༨ ལོར་མདོ་སྨད་དཔལ་ལུང་དོར་ཤུལ་ཀླང་གྱ་རུ་སྐྱེས། ཆུང་དུས་
རྒྱ་ཡིག་གི་སློབ་གྲྭར་ལོ་གཉིས་ལྷག་ལ་འགྲིམས་རྗེས་ཕྱི་ལོ་༡༩༨༨ ལོར་བྱ་ཁྱུང་དགོན་པའི་ཆོས་སྒོར་
ཞུགས་ཏེ་སློབ་གཉེར་བྱས། ཕྱི་ལོ་ ༡༩༩༧ ལོར་ཕྱིའི་སྐད་ཡིག་དང་དེང་རབས་ཀྱི་ཤེས་རིག་སློབ་
གཉེར་གྱི་ཆེད་རྒྱ་གར་དུ་བཙན་བྱོལ་ལ་ཡོང་བ་དང་། ཤེས་རབ་དགའ་ཚལ་སློབ་གླིང་དུ་ལོ་ངོ་གསུམ་
ཙམ་ལ་དབྱིན་ཡིག་སྦྱང་ཏེ་སློབ་མཐར་ཕྱིན། དེའི་རྗེས་ཕྱི་ལོ་༢༠༠༡ ལོར་ཤེས་ཡོན་རྒྱབ་སྐྱོར་ཐེབས་རྩ་
ཁང་དུ་ཞུགས་ནས་གློག་ཀླད་སོགས་དེང་རབས་ཀྱི་ཤེས་ཡོན་ཁག་ཅིག་ལ་སྦྱང་འགོ་བརྩམས། ཕྱིས་སུ་
ཚོགས་པ་དེའི་ཤེས་ཡོན་གྱི་གཙོ་འཛིན་པ་དང་དགེ་རྒན་གཉིས་གཅིག་ལྕོགས་བྱས་ཏེ། དབྱིན་ཡིག་གི་
བརྡ་སྤྲོད་དང་འཛམ་གླིང་གི་ལོ་རྒྱུས། དེ་བཞིན་ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པའི་ལོ་རྒྱུས་སོགས་ལོ་
ངོ་ལྔ་ཙམ་ལ་སློབ་ཁྲིད་བྱས།